ཝང་ཏུང་མིང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པར་སྣེ་ཁྲིད་དེ་ཆི་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་ཆི་ཁེ་ཀྲུའུ་ལ་འཚམས་འདྲི་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-04


    ས་གནས་དེ་གའི་དུས་ཚོད་དེ་སྤྱི་ཟླ་5པའི་ཚེས་1ཉིན། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པར་སྣེ་ཁྲིད་དེ་ཆི་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་ཆི་ཁེ་ཀྲུའུ་ལ་རྟོག་ཞིབ་འཚམས་འདྲི་གནང་།  ཀྲུང་ཆེ་ཁེ་ཀྲུའུ་ཡི་འགན་འཛིན་པ་པེ་ཐེ་ལ་དང་ཙུང་ཐུང་གི་བློ་འདོན་པ་ཁེ་ཧོ་ཐི་ལ་ལས་ཀའི་གྲོས་མོལ་གནང་། པེ་ཐེ་ལ་དང་མཉམ་དུ་《སི་ཁྲོན་ཞིང་ཆེན་དང་ཀྲུང་ཆི་ཁེའི་ལོ་གསུམ་གྱི་འབྲེལ་བའི་འཕེལ་རྒྱས་འཆར་འགོད་ཀྱི་བརྗེད་ཐོ།(2016 - 2018)》ལ་མིང་རྟགས་བཀོད་པ་དང་། ཁྲང་ཧུང་ཡོ་རོབ་གླིང་གི་ཐོན་སྐྱེད་རྟེན་གཞི་དང་F-AIRམཁའ་སྐྱོད་སློབ་གྲྭར་རྟོག་ཞིབ་གནང་།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1