སྒྱུ་རྩལ་པ་བརྒྱ་ལྷག་གིས་ཁྲོ་ཆུ་རྫོང་དུ་རིག་རྩལ་འཁྲབ་སྟོན་གྱི་ལམ་ནས་དབུལ་སྐྱོར་བྱེད་སྒོ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 05-11


    སྤྱི་ཟླ་5པའི་ཚེས་6ཉིན་ནས་ཚེས་7ཉིན་གྱི་བར། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྱུ་རྩལ་པ་བརྒྱ་ལྷག་རྩ་འཛུགས་བྱས་ནས་ཁྲོ་ཆུ་རྫོང་དུ་བསྐྱོད་དེ་དམངས་ཀྱི་ཁྲོད་དུ་བསྐྱོད་པ་ཞེས་པའི་ཡང་བསྐྱར་རྒྱང་སྐྱོད་གྱི་ལམ་དུ་ཞུགས་པའི་རིག་རྩལ་དབུལ་སྐྱོར་གྱི་དམངས་གཞས་འཚོལ་སྡུད་དང་གསར་རྩོམ། དམངས་ཕན་འཁྲབ་སྟོན་བཅས་ཀྱི་བྱ་འགུལ་འགོ་ཚུགས་ནས། ས་དེའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྙིང་བཅུད་ཤིག་ལ་རོལ་མྱོང་བྱེད་དུ་བཅུག །
    ཉིན་གཉིས་ཀྱི་བྱེད་སྒོའི་ཁྲོད། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་ཡིག་གཟུགས་པ་དང་རི་མོ་བ་རྣམས་ཀྱིས་རང་ཉིད་ཀྱི་སྨྱུག་རྩལ་ངོམ་ནས་ཁྲོ་ཆུ་རྫོང་ལ་བརྩམས་ཆོས་རྩ་ཆེན་བརྒྱད་བཅུ་ལྷག་བཞག  བྱེད་སྒོའི་ཁྲོད་ད་དུང་ཆུ་ཚད་མཐོ་བའི་དམངས་ཁྲོད་ཀྱི་འཁྲབ་སྟོན་ལེ་ཚན་རྩ་འཛུགས་བྱས་ཏེ། མིང་གྲགས་ཅན་གྱི་སྒྱུ་རྩལ་འཁྲབ་སྟོན་པ་དང་རིག་རྩལ། དང་བླངས་བ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སྟེགས་བུའི་ཐོག་ཏུ་བུད་ནས་འཁྲབ་སྟོན་བྱས་པས། མང་ཚོགས་ཀྱི་གདེང་འཇོག་ཚད་མཐོན་པོ་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1