སི་ཁྲོན་གྱིས་ཞིང་ཆེན་ནང་ཁུལ་དུ་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་གཏད་རོགས་སྐྱོར་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-16


     ཉེ་ཆར། ཞིང་ཆེན་ནང་ཁུལ་གྱི་7+20བོད་ཁུལ་གྱི་ཁ་གཏད་རོགས་སྐྱོར་ལས་ཀའི་བཞུགས་མོལ་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚའེ་པའོ་ཧྭ་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གཏམ་བཤད་གནང་།
   2012ལོར། ཞིང་ཆེན་ཏང་ཨུས་ཞིང་ཆེན་ནང་ཁུལ་དུ་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་གཏད་རོགས་སྐྱོར་སྤེལ་པའི་ཐག་གཅོད་བྱས་ཏེ། 7+20སོགས་ཀྱི་བོད་ཁུལ་ལ་ཁ་གཏོད་རོགས་སྐྱོར་གྱི་ལས་ཀ་སྤེལ་འགོ་ཚུགས། ལོ་བཞི་ལྷག་གི་རིང་ལ། རོགས་སྐྱོར་མཁན་གྱི་ཕྱོགས་ནས་རོགས་སྐྱོར་རྣམ་གྲངས་483ལག་བསྟར་བྱེད་འགོ་ཚུགས་ཤིང་། མ་དངུལ་སྒོར་དུང་ཕྱུར20ལྷག་བཏང་བ་དང་། རིམ་རྩིས་བྱས་ན་ལས་བྱེད་ཤེས་ཡོན་ཅན་3000ལྷག་འདེམས་བཀོད་བྱས་ནས་བོད་ཁུལ་དུ་བྱ་བ་གཉེར་ཞིང་། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བརྟན་རླིང་བཅས་ལ་མཛད་རྗེས་ཆེན་པོ་ཕུལ་ཡོད།
     ཉེ་ཆར། རང་རེའི་ཞིང་ཆེན་གྱིས་བརྟག་ཞིབ་ཚོགས་ཆུང་4སྒྲིག་འཛུགས་བྱས་ཏེ་བོད་ཁུལ་གྱི་རོགས་སྐྱོར་རྫོང་ཁག་20ལ་སོང་ནས་བོད་སྐྱོར་ལས་ཀར་ཐོབ་པའི་ཕན་འབྲས་དང་མཉམ་མྱོང་བྱ་ཐབས། དཀའ་ཁག་གནད་དོན་སོགས་ལ་བརྟག་ཞིབ་བྱས། ཚོགས་འདུའི་ཐོག་བརྟག་ཞིབ་ཚོགས་ཆུང་4དང་རོགས་སྐྱོར་གྲོང་ཁྱེར་7 རོགས་སྐྱོར་ཐོབ་པའི་ཁུལ3གྱི་འགན་ཁུར་པས་མཉམ་དུ་མྱོང་ཚོར་གླེང་ཞིང་། མཉམ་དུ་རེས་སྐོར་གསར་པའི་ཁ་གཏད་བོད་སྐྱོར་ལས་ཀའི་བསམ་གཞིགས་དང་བྱ་ཐབས་སྐོར་གྲོས་མོལ་བྱས།།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1