ལི་ཁེ་ཆང་གིས་ཧྥ་རན་སིའི་ཕྱི་འབྲེལ་དཔོན་པོ་ཨེ་ལོ་ལ་མཇལ་གནང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-18


  སྤྱི་ཟླ་5པའི་ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ཧྥ་རན་སིའི་ཕྱི་འབྲེལ་དཔོན་པོ་ཨེ་ལོ་ལ་མཇལ་འཕྲད་གནང་། 
  ལི་ཁེ་ཆང་གིས་ཀྲུང་གོ་དང་ཧྥ་རན་སི་ལ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་ཡོད་པ་དང་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་མི་ཆོས་སོགས་ཀྱི་འབྲེལ་འདྲིས་ཉིན་རེ་བཞིན་ཇེ་དམ་དུ་འགྲོ་བཞིན་འདུག ཀྲུང་གོ་སྲིད་གཞུང་གིས་ཧྥ་རན་སིའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཚད་མཐོ་བའི་མཐོང་ཆེན་བྱེད་བཞིན་ཡོད་ལ། ཧྥ་རན་སི་དང་མཉམ་དུ་ཉིང་རྡུལ་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཕན་ཚུན་གྱི་དངུལ་གཏོང་རྒྱ་སྐྱེད་དང་ཧུར་ཐག་གིས་ཕྱོགས་གསུམ་པའི་ཚོང་རའི་མཉམ་འབྲེལ་རྒྱ་སྐྱེད་པ། རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་བསྐྱར་གསོ་དང་གོང་འཕེལ་ལ་ཕན་ནུས་འདོན་འདོད་ཅེས་བསྟན།། 
  ཨེ་ལོ་ཡིས་ཧྥ་རན་སིའི་ཕྱོགས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་དང་མཉམ་འབྲེལ་གྱི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོའི་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་དམ་ཟབ་དང་རྒྱུན་མཐུད་ངང་ཉིང་རྡུལ་ནུས་ཤུགས་དང་གློག་ཤུགས། དེ་མིན་མི་ཆོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཕྱོགས་སོ་སོའི་མཐུན་སྦྱོར་དང་ཤུགས་སྣོན་དང་། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་དུ་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1