གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོར་ཕུག་ལམ་རྐོ་ཚད་རིམ་རྩིས་བྱས་ན་བརྒྱ་ཆ33གྲུབ།

རྩོམ་སྒྲིག་པ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-18


   ལས་གཞི་འདིའི་འཆར་གཞི་ནི2017ལོར་རླངས་འཁོར་གཏང་རྒྱུར་བརྩོན་ལེན་བྱས་ཏེ་ཁྲེན་ཏུའུ་ནས་དར་མདོ་བར་ཆུ་ཚོད3ལས་མི་འགོར།
   སྤྱི་ཟླ5པའི་ཚེས8ཉིན་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན།སྤྱི་ཟླ4པའི་ཟླ་མཇུག་བར་དུ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོར་རིམ་བརྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར81ལེགས་འགྲུབ་བྱུང་ནས་རགས་བརྩིས་ལས་བརྒྱ་ཆ36བཟུང་བ་དང་།རིམ་བརྩིས་བྱས་ན་ལམ་གཞིའི་ས་རྡོ་ལྷམ་པ་བརྒྱ་ཆ53དང་།ཟམ་པའི་ཞོལ་གྱི་གྲུབ་ཚུལ་བརྒྱ་ཆ36དང་ཟམ་པའི་ཐོག་གི་གྲུབ་ཚུལ་བརྒྱ་ཆ13 ཕུག་ལམ་རྐོ་ཚད་བརྒྱ་ཆ33དང་ཉེན་འགོག་འདེགས་སྐྱོར་ཨར་འདམ་བརྒྱ་ཆ31བཅས་གྲུབ་ཡོད་པ་རེད།དེ་ལས་དོ་ཁུར་བྱེད་རིན་ཡོད་པ་ཞིག་ནི།
___གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་ཚའོ་པ་ནས་ཏུའེ་ཡོན་བར་གྱི་གཞུང་ལམ་དུམ་བུ་དེའི་ས་རྡོ་ལྷམ་པ་དང་ཟམ་པའི་ཞོལ་གྱི་གྲུབ་ཚུལ་དང་ཕུག་ལམ་རྐོ་འགོ་བཙུགས་ནས་ལེགས་གྲུབ་བྱུང་བའི་བསྡོམས་འབོར་བརྒྱ་ཆ80ཡིན་པས་གཞུང་ལམ་ཧྲིལ་པོ་འཕེལ་རིམ་གྱི་ལྡབ་གཅིག་ཡན་ཆད་ཡིན་པ་རེད།
___རིང་ཚད་སྤྱི་ལེ4.95ཡོད་པའི་ཧྥེ་ཞོན་ཀན་གྱི་ཕུག་ལམ་དེ་སྤྱི་ལེ2.5རྐོ་འགོ་བཙུགས་ནས་ལེགས་གྲུབ་བྱུང་བའི་བསྡོམས་འབོར་བརྒྱ་ཆ51ཡིན་པས་འཕེལ་རིམ་མྱུར་ཚད་ཕུག་ལམ་ཧྲིལ་པོའི་བརྐོས་རྒྱུའི་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆ33ལས་མཐོ་བ་རེད།  
___རིང་ཚད་སྤྱི་ལེ13.4ཡོད་པའི་འུ་ལག་རི་བོའི་ཕུག་ལམ་ནི་རྒྱལ་ཡོངས་ཀྱི་ཕུག་ལམ་རིང་ཤོས་ཨང་གསུམ་པ་ཡིན་ལ།མྱུར་བགྲོད་གཞུང་ལམ་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ཕུག་ལམ་ཞིག་ཀྱང་ཡིན་ཞིང་།མིག་སྔར་རྐོ་འགོ་བཙུགས་པའི་སྤྱི་ལེ9.38ཀྱིས་ཕུག་ལམ་ཧྲིལ་པོའི་བརྒྱ་ཆ70བཟུང་བ་རེད།      
___རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཐོག་དམིགས་བསལ་ཆེ་བའི་ཟམ་པའི་ཀ་བ100དེ་བཙུགས་ནས་རིམ་རྩིས་བྱས་ན་འགྲུབ་ཚད་བརྒྱ་ཆ100ཡིན་པ་དང་།ཆུ་ངོགས་གཉིས་ཀྱི་ཟམ་སྟེགས་སྨི89བསྐྲུན་ཡོད་པས་རིམ་བརྩིས་བྱས་ན་བརྒྱ་ཆ48གྲུབ་ཡོད་པ་རེད།            
  ལས་གཞི་འདིའི་འཆར་གཞི་ནི2017ལོར་རླངས་འཁོར་གཏང་རྒྱུར་བརྩོན་ལེན་བྱས་ཏེ་ཁྲེང་ཏུའུ་ནས་དར་མདོ་བར་ད་ལྟའི་ཆུ་ཚོད5ཙམ་འགོར་བ་དེ་ཆུ་ཚོད3གྱི་ནང་ཚུད་དུ་ཇེ་ཐུང་གཏོང་ཐུབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1