ཚུགས་ཐུབ་ཀྱི་སྤྱོད་ཚུལ་དང་དོན་དངོས་དང་མཐུན་པའི་སྒོ་ནས་ཆོས་ལུགས་ལས་ཀར་སྐུལ་འདེད་གཏང་དགོས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-19


     སྤྱི་ཟླ་5པའི་ཚེས་17ཉིན། སི་ཁྲོན་ཞིང་ཆེན་གྲོང་ཁྱེར་མི་རིགས་ལས་ཀའི་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་ཚོགས་འདུ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚའེ་པའོ་ཧྭ། ཞིང་དཔོན་གཞོན་པ་ཆུ་མོ་ཧྲི་ཧྭ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། 
     ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་འཚོགས་པ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཀྲུང་དབྱང་གི་མི་རིགས་ཆོས་ལུགས་ལས་ཀའི་སྐོར་གྱི་གལ་ཆེའི་ཇུས་ཆོད་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཤིང་། གཏིང་ཟབ་པའི་སྒོ་ནས་རང་རེའི་ཞིང་ཆེན་གྱི་མི་རིགས་ཆོས་ལུགས་ལས་ཀར་སྐུལ་འདེད་བཏང་བས། ལས་ཀ་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་རེད། ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་བ་དང་དམངས་འཚོ་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་། དབུལ་སྐྱོར་འགག་སྒྲོལ་གོམ་བརྟན་བརླིང་ངང་སྐུལ་སྤེལ་བཏང་ཞིང་། སྤྱི་ཚོགས་སྤྱི་ཡོངས་ནས་ཞི་མཐུན་བརྟན་བརླིང་ཡོང་བ་རེད། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད། 
    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཆོས་ལུགས་ལས་ཀ་གལ་ཆེའི་གནས་བབ་ཐོག་ཏུ་བཞག་ནས་དམ་འཛིན་བྱ་དགོས་ལ། འཐུས་ཚང་བའི་སྒོ་ནས་མི་རིགས་ཆོས་ལུགས་ལས་ཀའི་འགོ་ཁྲི་ཚོགས་ཆུང་དང་ཡང་ན་མཉམ་ཞུགས་ཚོགས་འདུའི་ལམ་སྲོལ་བཙུགས་ཤིང་། མཉམ་འཛིན་སྤྱི་སྒྲུབ་ཀྱི་ལས་ཀའི་རྣམ་པ་གྲུབ་པར་བྱས་ནས། ཀྲུང་དབྱང་དང་ཞིང་ཨུའི་མི་རིགས་ཆོས་ལུགས་ལས་ཀའི་སྐོར་གྱི་ཇུས་ཆོད་དང་བཀོད་སྒྲིག་དོན་འཁྱོལ་ཡོང་བ་ལ་སྐུལ་འདེད་བྱ་དགོས། ལས་ཀའི་དཔུང་ཁག་སྟོབས་ཆེན་དུ་གཏང་དགོས་ལ། ནན་ཏན་གྱིས་ལས་ཀའི་སྤྱོད་ཚུལ་སྒྱུར་བཀོད་བྱས་ནས། ཚུགས་ཐུབ་ཀྱི་སྤྱོད་ཚུལ་དང་དོན་དངོས་དང་མཐུན་པའི་སྒོ་ནས་ཆོས་ལུགས་ལས་ཀར་སྐུལ་འདེད་གཏང་དགོས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1