ད་ལོའི་མཐོ་རྒྱུགས་ཁྲོད་འཕར་སྣོན་5མངོན་འགྱུར་བྱ་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-19


    སྤྱི་ཟླ་5པའི་ཚེས་17ཉིན་གྱི་དགོང་མོ། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་གཞུང་ཕྱོགས་དྲ་བར་སྤེལ་བའི་གནས་ཚུལ་ལྟར་ན།  སི་ཁྲོན་ཞིང་ཆེན་གྱི་ད་ལོའི་མཐོ་རྒྱུགས་ཁྲོད་འཕར་སྣོན་5མངོན་འགྱུར་བྱ་རྒྱུ་རེད།
    ཉེ་བའི་ལོ་ཤས་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚད་མཐོན་པོའི་མཐོང་ཆེན་དང་སློབ་གསོ་པུའུ་ཡིས་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག རང་རེའི་ཞིང་ཆེན་གྱི་མཐོ་རྒྱུགས་དཀྱུས་མའི་སློབ་མར་བསྡུ་ཚད་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། ད་ལོར། རང་རེའི་ཞིང་ཆེན་གྱིས་མུ་མཐུད་དུ་སློབ་གསོ་པུའུ་ཡིས་པུའུ་ཨུའི་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭར་མཐུན་སྦྱོར་བྱས་ནས་སི་ཁྲོན་གྱི་སློབ་མ་བསྡུ་བའི་འཆར་གཞི་བརྩོན་ལེན་བྱ་རྒྱུ་དང་། མུ་མཐུད་དུ་ཞིང་ཆེན་གཞན་པའི་མཐོ་སློབ་ཏུ་སི་ཁྲོན་གྱི་སློབ་མ་བསྡུ་བའི་འཆར་གཞི་ཁ་སྣོན་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་པ་དང་།  དེ་མིན་མུ་མཐུད་དུ་རང་རེའི་ཞིང་ཆེན་གྱི་ས་གནས་ཁག་གི་དངོས་གཞིའི་སློབ་གླིང་གི་སློབ་མ་བསྡུ་བའི་འཆར་གཞི་ཁ་སྣོན་བྱ་རྒྱུ་རེད།
   2016ལོར། རང་རེའི་ཞིང་ཆེན་གྱི་མཐོ་སློབ་ཀྱི་སློབ་མ་བསྡུ་བར་འཕར་སྣོན་5མངོན་འགྱུར་བྱ་རྒྱུ་རེད། དེའི་ནང་ཆེད་སྦྱང་དཀྱུས་མའི་སློབ་མ་བསྡུ་བའི་མི་གྲངས་སྔར་བས་ཇེ་མང་དུ་གཏང་རྒྱུ་དང་། དངོས་གཞི་དཀྱུས་མའི་སློབ་མ་བསྡུ་བའི་མི་གྲངས་སྔར་བས་ཇེ་མང་དུ་གཏང་རྒྱུ། དངོས་གཞི་ཐོག་མའི་སློབ་གླིང་གི་སློབ་མ་བསྡུ་བའི་མི་གྲངས་སྔར་ལས་ཇེ་མང་དུ་གཏང་བ། “211”མཐོ་རིམ་སློབ་གྲྭའི་སི་ཁྲོན་གྱི་སློབ་མ་བསྡུ་བའི་མི་གྲངས་ཇེ་མང་དུ་གཏོང་རྒྱུ། སི་ཁྲོན་གྱི་པུའུ་ཨུའི་ཁོངས་གཏོགས་མཐོ་རིམ་སློབ་གྲྭས་སི་ཁྲོན་གྱི་སློབ་མ་བསྡུ་བའི་མི་གྲངས་སྔར་བས་ཇེ་མང་དུ་གཏང་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1