ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-19


              སྤྱི་ཟླ་5པའི་ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་གཙོ་སྐྱོང་གནང་སྟེ། ཚོང་དོན་ལམ་ལུགས་བསྒྱུར་བཅོས་ཀྱི་བྱེད་ཐབས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་གསར་གཏོད་ལས་གཏོད་ལ་ཕན་པའི་ཁྲོམ་རའི་ཁོར་ཡུག་བསྐྲུན་རྒྱུར་གཏན་ཁེལ་བྱས། 

              གྲོས་ཚོགས་ཐོག་བསྟན་དོན། ད་ལོ་ནས་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་མུ་མཐུད་དུ་ཚོང་དོན་ལམ་ལུགས་དེ་སྲིད་བསྡུས་དབང་གཏོང་དང་དམ་ལྷོད་མཉམ་སྦྲེལ། ཞབས་ཞུ་ལེགས་བསྒྱུར་ལ་སྐུལ་འདེད་གཏང་བ་གཙོ་བོར་དམིགས་ནས། གསར་བཟོས་ཁྲོམ་རའི་སྡེ་ཁག་མགྱོགས་མྱུར་ངང་འཕར་བ་རྒྱུན་འཁྱོངས་དང་སྔར་ལས་ལྷག་པས་ཁེ་ལས་ཀྱི་གསོན་ཤུགས་རྒྱས་སུ་འཇུག་དགོས་ཞེས་བསྟན། 

              གྲོས་ཚོགས་ཐོག དུས་ཡུན་རིང་པོའི་ནང་།  ཀྲུང་དབྱང་ཁེ་ལས་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་བྱས་རྗེས་གལ་ཆེན་བཞག་ཡོད་ལ། ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དང་《སྲིད་གཞུང་ལས་ཀའི་སྙན་ཞུ།》ཡི་བླང་བྱ་ལྟར། བསྒྱུར་བཅོས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏང་བར་རྐང་ཚུགས་ཤིང་ཁེ་ལས་ཀྱི་སྡེ་ཁག་རྒྱུན་འཁྱོངས་བྱས་ཏེ། གང་ནུས་ཀྱིས་ཁྲོམ་རའི་སྒྲིག་ཆས་ཐོན་ཁུངས་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་སྲིད་གཞུང་གི་ནུས་པ་ལེགས་པོར་འདོན་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1