ཞི་ཅིན་ཕིང་གིས་མོ་ཟམ་བྷིག་རྒྱལ་ཁབ་ཀྱི་སྲིད་འཛིན་ཉིག་ཞི་དང་གྲོས་མོལ་མཛད།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-19


  སྤྱི་ཟླ་5པའི་ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོ་ཟམ་བྷིག་རྒྱལ་ཁབ་ཀྱི་སྲིད་འཛིན་ཉིག་ཞི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་མི་ཟམ་བྷིག་གི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པའི་འབྲེལ་བར་རིམ་འཕར་བྱུང་སྟེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གཉིས་ཕན་མཉམ་ལས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱ་ཐག་གཅོད་བྱས།
  ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ཟམ་བྷིག་ནི་སྐྱིད་སྡུག་མཉམ་མྱོང་གི་སྤུན་ཟླའི་རྒྱལ་ཁབ་ཡིན་ལ། ཕྱོགས་གཉིས་ཀྱིས་འདྲ་མཉམ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་གྲོགས་པོ་བཟང་པོ་དང་གཉིས་ཕན་མཉམ་རྒྱལ། མཉམ་དུ་འཕེལ་རྒྱས་སུ་ཕྱིན་པའི་གྲོགས་པོ་བཟང་པོ་ཡིན། ཀྲུང་གོ་དང་མོ་ཟམ་བྷིག་གི་སྲོལ་རྒྱུན་གྱི་མཛའ་མཐུན་འབྲེལ་བར་ང་ཚོས་གཅེས་སྤྲས་ལེགས་པོ་བྱ་དགོས་ལ། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་མོ་ཟམ་བྷིག་གི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་རིམ་འཕར་བྱུང་སྟེ་མོ་ཟམ་བྷིག་དང་མཉམ་དུ་མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུའི་སྒྲིག་གཞི་ཁྲོད་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་གཉིས་ཕན་ཀྱི་མཉམ་ལས་གཏིང་ཟབ་དང་རྒྱ་སྐྱེད་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་ཅེས་བསྟན།
  ཉིག་ཞི་ཡིས་མོ་ཟམ་བྷིག་ཕྱོགས་ཀྲུང་གོ་དང་མཉམ་དུ་བཟོ་ཚོང་དང་བཟོ་སྐྲུན་ལས་རིགས། ཞིང་ལས་དང་ཉ་ལས། ཟས་རིགས་ལས་སྣོན། ནུས་ཁུངས། ཚན་རྩལ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བྱ་འདོད་པར་མ་ཟད། ཀྲུང་གོའི་ཁེ་ལས་ཀྱིས་མོ་ཟམ་བྷིག་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏང་བར་དགའ་བསུ་ཞུས་པ་ཡིན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1