ཀྲུང་དབྱང་གིས་སྒོར་ཁྲི་1216བཏང་ནས་རྔ་བ་ཁུལ་གྱིས་སློབ་སྔོན་སློབ་གསོ་ལ་རྒྱབ་སྐྱོར་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-24


     2016ལོར། ཀྲུང་དབྱང་གིས་རྔ་བ་ཁུལ་གྱི་སློབ་ལོ་མ་སོན་གོང་གི་སློབ་གསོ་འཕེལ་རྒྱས་གཏང་བར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་1216སྤྲད་ཤིང་། དེ་སློབ་ལོ་མ་སོན་གོང་གི་སློབ་གསོའི་ཐོན་ཁུངས་རྒྱ་སྐྱེད་པ་དང་ཀུན་ཕན་རང་བཞིན་གྱི་དམངས་གཉེར་བྱིས་གཉོར་ཁང་འཕེལ་རྒྱས་གཏང་བ། ཞིང་པའི་བུ་ཕྲུག་དང་དཔལ་འབྱོར་དཀའ་ངལ་ཡོད་པས་ཁྱིམ་ཚང། དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པས་སློབ་ལོ་མ་སོན་གོང་གི་སློབ་གསོ་དང་ལེན་བྱེད་པ་ལ་རྒྱབ་སྐྱོར་བྱས་ནས། ཤུགས་ཆེན་པོས་བྱིས་གཉོར་ཁང་དུ་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱེད་པར་སྤྱོད་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1