དབྱི་པིན་གྲོང་ཁྱེར་གྱི་བོད་སྐྱོར་ལས་ཀའི་ཚན་ཆུང་དང་དཀར་མཛེས་ཁུལ་གྱིས་གྲོས་མོལ་མཛད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-24


    སྤྱི་ཟླ5བའི་ཚེས19ཉིན་གྱི་སྔ་དྲོར། དབྱི་པིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། གྲོང་ཁྱེར་བོད་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཅན་མིན་དང་དབྱི་པིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ལི་ཕིན་རྣམ་གཉིས་དང་། དབྱི་པིན་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག11གི་འགན་ཁུར་བ་དང་ཁེ་ལས་ཀྱི་འཐུས་མི་10བཅས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། དཀར་མཛེས་ཁུལ་ལ་རོགས་སྐྱོར་བྱེད་པའི་མ་དངུལ་གཏོང་འཇོག་གི་རྣམ་གྲངས་དང་མཉམ་ལས་ལས་ཀར་དམིགས་ནས་དཀར་མཛེས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་དང་ཁེ་ལས་ཀྱིས་འཐུས་མི་དང་ལྷན་དུ་བཞུགས་མོལ་ཚོགས་འདུ་འཚོགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1