ཉག་ཆུ་རྫོང་གིས་ནུས་ཤུགས་གཅིག་ཏུ་བསྡུས་ནས་སློབ་གསོའི་གླིང་ཁུལ་འཛུགས་སྐྲུན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-26


      ཉག་ཆུ་རྫོང་གིས་སློབ་གསོའི་ཐོན་ཁུངས་གཅིག་སྡུད་བྱས་ཤིང་། ནུས་ཤུགས་གཅིག་བསྡུས་སྒོས་སློབ་གསོའི་གླིང་ཁུལ་འཛུགས་སྐྲུན་བྱས་ནས་གནད་སྨིན་དབུལ་སྐྱོར་ལ་རམས་འདེགས་བྱས། མགར་རའི་སློབ་གསོ་གཅིག་བསྡུས་སློབ་གཉེར་ཁུལ་གྱི་རྒྱ་ཁྱོན་མུའུ་229.5ཟིན་ལ། སྤྱིའི་མ་དངུལ་སྒོར་དུང་ཕྱུར་2.9བཏང་ཡོད། བསྐྲུན་ཚར་རྗེས་བྱིས་སློབ་ཁང་ནས་དམའ་འབྲིང་བར་“གཞི་གཅིག་ཅན”གྱི་སློབ་གསོའི་གླིང་ཁུལ་ཆེས་གྲས་ཞིག་ཆགས་རྒྱུ་ཡིན་ལ། སློབ་མ་4500ཚུད་ཐུབ་པ་རེད། དཀར་མཛེས་ཁུལ་ལ་མཚོན་ན་འདི་ནི་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོའི་གླིང་ཁུལ་ཡིན། 
     ཉེ་བའི་ལོ་གཉིས་ཀྱི་རིང་། རང་རེའི་ཞིང་ཆེན་གྱིས་མི་རིགས་ས་ཁུལ་གྱི་སློབ་གསོའི་ལོ་བཅུའི་འགུལ་སྐྱོད་འཆར་གཞི་དང་། “9+3”རིན་མེད་སློབ་གསོའི་འཆར་གཞི། བོད་ཁུལ་གྱི་སློབ་གསོ་གོང་འཕེལ་འཆར་གཞི་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་པ་དམ་པོར་འཛིན་པ་དང་། ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་ལ་ཤུགས་སྣོན་རྒྱག་པ། སྐད་གཉིས་སློབ་གསོ་སྐུལ་འདེད་གཏང་བ། མི་རིགས་ས་ཁུལ་གྱི་སློབ་གསོ་ཆ་འཕྲིན་ཅན་དུ་གཏང་བར་སྐུལ་འདེད་བྱེད་པ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་བོད་ཁུལ་གྱི་སློབ་གྲྭའི་ནང་དུ་འདྲེན་པར་སྐུལ་སྤེལ་བཏང་ནས། བོད་ཁུལ་གྱི་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། 2015ལོར། བོད་ཁུལ་དུ་ལོ་15ཡི་རིན་མེད་སློབ་གསོ་ཐོག་མར་མངོན་འགྱུར་བྱུང་བ་དང་། སློབ་མ་ཁྲི་30ལྷག་ལ་ཁེ་ཕན་བསྐྲུན་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1