སྐབས་69པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་མཇུག་སྒྲིལ་བ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 05-30


               ས་གནས་དེ་གའི་དུས་ཚོད་དེ་ཟླ་བ་5པའི་ཚེས་28ཉིན། སྐབས་69པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་རི་ནེ་ཝ་རུ་མཇུག་སྒྲིལ་བ། སྐབས་འདིའི་ཚོགས་ཆེན་ཁྱོན་བསྡོམས་ཉིན་6ལ་སྤེལ། མུ་འབྲེལ་གྱི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འབྲེལ་ཡོད་ཀྱི་མཁོ་བསྟུན་གྲུབ་འབྲེལ་བཟོ་བཅོས་ཀྱི་བྱེད་སྟངས་གནད་ཆེ་བའི་གྲོས་འཆམ་བྱུང་། 

               སྐབས་འདིའི་ཚོགས་ཆེན་ལ་གློ་བུར་དུ་བྱུང་བའི་འཕྲོད་བསྟེན་གནད་དོན་གྱི་འཆར་གཞི་གྲོས་འཆམ་བྱུང་། དེ་ནི་རྒྱལ་ཁབ་དང་སྡོད་ཁུལ་གྱིས་མགྱོགས་མྱུར་དང་བློ་གཏོད་ཐུབ་པ། ཕྱོགས་ཡོངས་ཀྱི་རྒྱབ་སྐྱོར་བཅས་མཁོ་འདོན་ལ་བེད་སྤྱོད་བྱེད་པ། གཅིག་གྱུར་གྱི་མཁོ་བསྟུན་གྲོས་འཆམ་ལས་ཀའི་རུ་ཁག་དང་ཚོད་རྩིས། སྒྲིག་ལམ་དང་བྱ་རིམ། གཞན་འགོ་ཁྲིད་ཀྱི་འབྲེལ་བ་གཏན་འཁེལ་བྱས་པ་བཅས་ལ་གྲོས་འཆམ་བྱུང་། དོགས་ཟོན་དང་ཡང་ན་ནད་ཡམས་ཆེན་པོར་དམིགས་པ། རང་བྱུང་དང་མིས་བཟོས་པའི་གནོད་སྐྱོན་གནས་ཚུལ་བཅས་ལ་རོགས་འདེགས་དང་། དེ་མིན་སླར་གསོའི་ལས་ཀར་རོགས་སྐྱོར་ལས་ཀ་སྤེལ། ཚོགས་ཆེན་དུ་ད་དུང་བགྲེས་འགྱུར་དང་། མཁའ་དབུགས་འབག་བཙོག  མ་བུ་དང་ན་གཞོན་གྱི་བདེ་ཐང་སོགས་རྣམ་གྲངས་20ལྷག་གི་འབྲེལ་ཡོད་གནད་དོན་ལ་གྲོས་ཆོད་དང་གཏན་འབེབ་བྱས།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1