འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁྱད་ཆོས་ལྡན་པའི་བྱིས་པའི་དུས་ཆེན།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 05-31


    འཛམ་གླིང་ཡོངས་ཀྱི་བྱིས་པའི་དུས་ཆེན་གྱི་ཁེ་དབང་ལ་འགན་སྲུང་བྱ་ཆེད། རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ཚོགས་འདུ་སྤྱི་ལོ་1949ལོའི་སྤྱི་ཟླ་11པར་མོ་སི་ཁོ་རུ་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས། ལོ་རེའི་སྤྱི་ཟླ་6པའི་ཚེས་1ཉིན་ནི་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དུ་གཏན་འཁེལ་བྱས། རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འགོ་བརྩམས་པ་ནས་བཟུང་། འཛམ་གླིང་ཐོག་གི་རྒྱལ་ཁབ་མང་ཆེ་བ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཐབས་ལམ་རབ་དང་རིམ་པ་བེད་སྤྱོད་བྱས་ནས། བྱིས་པ་སྲུང་སྐྱོབ་དང་ཕན་བདེ་དང་སློབ་གསོའི་ལས་དོན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

                 ཉི་ཧོང་།             

              

                ས་གནས་དེ་གའི་དུས་ཚོད་དེ་2013ལོའི་ཟླ་བ་2པའི་ཚེས་27ཉིན། ཉི་ཧོང་གི་ཧུང་ཁྲའོ་གྲོང་ཁྱེར་དུ། བུ་མོའི་དུས་ཆེན་ཆེད་དུ་གཏོར་གཟིགས་མཆོད་རྟེན་གྲ་སྒྲིག་བྱེད་བཞིན་པ།

  ཏུར་ཁེ།
             ས་གནས་དེ་གའི་དུས་ཚོད་དེ་2014ལོའི་ཟླ་བ་4པའི་ཚེས་23ཉིན། ཏུར་ཁེའི་རྒྱལ་ས་ཨན་ཁ་ར་རུ། ཡུལ་དེའི་བྱིས་པས་ཏུར་ཁེ་རུ་གསར་འཛུགས་མཛད་པོ་ཁའེ་མོ་ཨེར་ཨ་ཐ་ཐུའུ་ཁོ་བང་སོའི་མདུན་དུ་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས།

 


         མེག་སི་ཁོ།  

 

                     སྤྱི་ལོ་2007ལོའི་སྤྱི་ཟླ་4པའི་ཚེས་28ཉིན། མེག་སི་ཁོའི་རྒྱལ་ས་མེག་སི་ཁོ་གྲོང་ཁྱེར་གྱི་བྱིས་པ་བྱམས་སྐྱོང་ཁང་གི་དགེ་རྒན་དང་བྱིས་པ་ཡུལ་འཁྱམ་བས་ལྷན་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས།  


     ལྷོ་ཁོ་རེ་ཡ།

               

སྤྱི་ལོ་2011ལོའི་སྤྱི་ཟླ་5པའི་ཚེས་5ཉིན། ལྷོ་ཁོ་རེ་ཡ་རུ་ཡུལ་སོ་སོ་ནས་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས།


ཧང་གྷ་རི།

        

        སྤྱི་ལོ་2006ལོའི་སྤྱི་ཟླ་5པའི་ཚེས་28ཉིན། ཧང་གྷ་རིའི་རྒྱལ་ས་བྷོ་བྷ་ཕེ་སི་རུ།  གདོང་རིས་རི་མོ་འབྲི་མཁན་གྱི་བྱིས་པ་ཁ་ཤས་ཤིག་གིས་གྲོང་ཁྱེར་གྱི་སྤྱི་གླིང་དུ་དྲན་རྟེན་མཉམ་པར་བླངས་པ།          


 བྷ་རེ་ཟེ།

      

            ས་གནས་དེ་གའི་དུས་ཚོད་དེ་2013ལོའི་ཟླ་བ་10པའི་ཚེས་10ཉིན། བྷ་རེ་ཟེ་གྱི་བྷར་ཟེ་ལི་ཡ་རུ། བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་པའི་ཆེད་དུ། སྒོ་དང་སྒེའུ་ཁུང་གི་གཙང་སྦྲ་བ་ཞིག་གིས་ཕ་ཝང་དཔའ་བོའི་ལྭ་བ་གྱོན་ནས་སྨན་ཁང་གི་བྱིས་པར་དགའ་སྤྲོ་སྦྱིན།།


 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1