དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྐད་གཉིས་གཏུག་བཤེར་རྒྱུན་རྣམ་ཅན་དུ་གྱུར།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།དཀར་མཛེས་གསར་འགྱུར་དྲ་བ། སྤེལ་དུས། 06-01


    ཉེ་བའི་ལོ་ཤས་རིང་ལ། དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དོན་དངོས་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་སྐད་གཉིས་ཉེན་རྟོགས་ལས་བྱེད་དཔུང་ཁག་འཛུགས་སྐྲུན་བྱས་པར་ཤུགས་སྣོན་བྱས་པ་དང་། སྐད་གཉིས་ཤེས་ལྡན་མི་སྣའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས། བོད་རྒྱ་སྐད་གཉིས་ཀྱི་གཏུག་བཤེར་ལས་ཀའི་དགོས་མཁོ་ལ་བསྟུན་པ་རེད། ཕྱོགས་ཡོངས་ནས་སྐད་གཉིས་་ཀྱི་གཏུག་བཤེར་ཁྲིད་སྟོན་ཚད་ལྡན་ཡོང་བར་བྱས་ནས་བོད་རིགས་མང་ཚོགས་ཀྱི་གཏུག་བཤེར་ནུས་པ་མཐོ་རུ་གཏང་བར་རམ་འདེགས་བྱས།
    མིག་སྔར། ཁྲིམས་ཁང་གི་བོད་རྒྱ་སྐད་གཉིས་ཀྱི་གཏུག་བཤེར་རྒྱུན་རྣམ་ཅན་དུ་གྱུར་བ་སྤྱིའི་ཆ་ནས་མངོན་འགྱུར་བྱུང་ཡོད། གྱོད་ཐོ་འགོད་པ་དང་ཡིག་སྐུར་ངོ་གཏུག་སྣེ་ལེན། 12368གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི་ལས་ཀ་སོགས་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ལྡན་པའི་ཁྲིམས་དཔོན་གྱིས་འགན་ཁུར་ནས་སྒྲུབ་བཞིན་ཡོད། དུས་མཚུངས་སུ། བོད་རྒྱ་སྐད་གཉིས་ཤན་སྦྱར་གྱིས་གྱོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཡང་མངོན་འགྱུར་བྱུང་ཡོད་པས། བོད་རིགས་མང་ཚོགས་ཀྱི་སྐད་ཆའི་གོ་བརྡ་མི་འཕྲོད་པའི་དཀའ་ངལ་སེལ་ནས་གཏུག་བཤེར་བྱེད་སྐབས་དཀའ་ངལ་མེད་པར་བཟོས། དེས་བོད་རིགས་མང་ཚོགས་ཀྱིས་བཅའ་ཁྲིམས་འདུ་ཤེས་མཐོར་འདེགས་སུ་གཏང་བར་ཤུགས་རྐྱེན་ཆེན་པོ་ཐེབས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1