ལིའུ་ཀོ་ཀྲུང་གིས་དཀར་མཛེས་ཁུལ་དུ་སྒྲོག་འགྲེལ་ལས་ཀ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-01


    ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་དུ། སྤྱི་ཟླ་5པའི་ཚེས་29ཉིན་ནས་ཚེས་31ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཀོ་ཀྲུང་གིས་ཞིང་ཆེན་ཏང་ཨུའི་སྒྲོལ་འགྲེལ་ཚོགས་པའི་སྣེ་ཁྲིད་དེ་དཀར་མཛེས་ཁུལ་དུ་ཕེབས་ཤིང་། རྒྱལ་ཡོངས་ཆོས་ལུགས་ལས་ཀའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཐད་ནས་སྒྲོག་འགྲེལ་དང་བརྟག་ཞིབ་གནང་། 
       དར་མདོ་གྲོང་ཁྱེར་བཀྲ་ཤིས་དགོན་པ་དང་དཀར་མཛེས་ཁུལ་གྱི་ལས་བྱེད་པའི་ཚོགས་ཆེན་ཐོག ལིའུ་ཀོ་ཀྲུང་གིས་གྲྭ་བཙུན་འཐུས་ཚབ་མི་སྣ་དང་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་མི་སྣ་སོ་སོར་སྒྲོག་འགྲེལ་གནང་། ལིའུ་ཀོ་ཀྲུང་གིས་རྒྱལ་ཡོངས་ཆོས་ལུགས་ལས་ཀའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ལག་བསྟར་བྱེད་རྒྱུ་ནི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་གལ་ཆེའི་ལས་འགན་ཡིན་པ་མ་ཟད་དེ་ཡང་ཆོས་ལུགསལས་རིགས་ཀྱི་ཐུན་མོང་གི་འགན་འཁྲི་ཡང་ཡིན་ཞེས་ནན་གྱིས་བསྟན། 
    དེ་མིན།  ལིའུ་ཀོ་ཀྲུང་ད་དུང་བྲག་འགོ་རྫོང་དང་རྟའུ་རྫོང་། དར་མདོ་གྲོང་ཁྱེར་བཅས་ཀྱི་དགོན་པ་ཁ་ཤས་ནང་དུ་ཕེབས་ཏེ། གྲྭ་བཙུན་འཐུས་ཚབ་མི་སྣ་དང་ལྷན་དུ་བཞུགས་མོལ་གནང་སྟེ་རྒྱལ་ཡོངས་ཆོས་ལུགས་ལས་ཀའི་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་ནན་གྱིས་བསམ་འཆར་ལ་ཉན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1