ལི་ཁེ་ཆང་གིས་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་གྱི་ལས་ཀ་སྒྲུབ་མཁན་ཁྲོད་གསར་གཏོད་དང་སྔོན་ཐོན་ལ་བརྩོན་པའི་བྱེད་སྒོ་སྤེལ་བའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-01


  སྤྱི་ཟླ་6པའི་ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉེ་ལམ་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་ཚན་རྩལ་གྱི་ལས་ཀ་སྒྲུབ་མཁན་ཁྲོད་གསར་གཏོད་དང་སྔོན་ཐོན་ལ་བརྩོན་པའི་བྱེད་སྒོ་སྤེལ་བའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་ལ། རང་རྒྱལ་ལ་ཚན་རྩལ་གྱི་ལས་ཀ་སྒྲུབ་མཁན་ཁྲི་8100ཡོད་པ་དང་དེ་ནི་གསར་གཏོད་འཕེལ་རྒྱས་ལག་བསྟར་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན། གསར་གཏོད་དང་སྔོན་ཐོན་ལ་བརྩོན་པའི་བྱེད་སྒོ་སྤེལ་བ་ནི་ཚན་རྩལ་ལས་ཀ་སྒྲུབ་མཁན་གྱིས་ཕུགས་བསམ་འཚོལ་བསྙེག་དང་རྒྱལ་ཁབ་ལ་དྲིན་འཇལ། ཡང་རྩེར་བསྙེག་པའི་གོམས་སྲོལ་དར་སྤེལ་བྱེད་པ་དང་གོམ་གང་མདུན་སྤོས་སྒོས་གསར་གཏོད་གསར་བསྐྲུན་གྱི་སྤྲོ་སེམས་སྐྱེད་ཅིང་གསར་གཏོད་ཀྱི་ལས་ཀར་ཞུགས་པ། གསར་གཏོད་ལ་སྐུལ་འདེད་གཏང་བ། གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་ལེན་བྱེད་པའི་ཆེད་དུ་ཡིན། དེ་བས་རྒྱ་ཆེའི་ཚན་རྩལ་ལས་ཀ་སྒྲུབ་མཁན་གྱིས་རྒྱལ་སྤྱིའི་ཚན་རྩལ་གྱི་སྔོན་སྐྱོད་ལ་དམིགས་ཤིང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་དམ་དུ་སྦྲེལ་བ། དཔལ་འབྱོར་གསར་པའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་སྔོན་དུ་བསྐྱོད་སྤོབས་ཤིང་འདང་ས་གསབ་སྐོང་བྱས་ནས། ཧུར་ཐག་གིས་དམངས་ཀྱིས་ལས་དོན་བསྐྲུན་པ་དང་ཀུན་གྱི་གསར་གཏོད་བྱེད་པར་ཟབ་ཞུགས་བྱས་ནས་ཚན་རྩལ་གྲུབ་འབྲས་ཀྱི་བསྒྱུར་བཀོད་བཀོལ་སྤྱོད་དང་རྒྱུ་རྐྱེན་ཧྲུལ་བོའི་ཐོན་སྐྱེད་ཚད་མཐོར་འདེགས་སུ་གཏང་བར་སྐུལ་འདེད་གཏང་དགོས། དེ་མིན་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་གོམ་གང་མདུན་སྤོས་སྒོས་སྒོ་འབྱེད་རང་བཞིན་དང་ལྟེ་གནས་རང་བཞིན། སྟེགས་བུ་རང་བཞིན་གྱི་ཚོགས་པའི་རྩ་འཛུགས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་སྒོས་ཚན་རྩལ་མི་སྣ་གསར་གཏོད་གསར་སྐྲུན་བྱེད་པར་སྔར་ལས་ལེགས་པའི་ཞབས་ཞུ་འདོན་སྤེལ་བྱེད་པ་དང་གསར་གཏོད་འགུལ་སྐྱོད་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ལེགས་པོ་བྱེད་པ། གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཛད་རྗེས་གསར་པ་འཇོག་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1