སི་ཁྲོན་ཞིང་ཆེན་གྱི་གསར་དུ་བསྐོས་པའི་ཞིང་དཔོན་གཞོན་པས་འགན་བཞེས་དམ་བཅའ་བཞག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-02



    སྤྱི་ཟླ་6པའི་ཚེས་1ཉིན། སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་ཐེངས་ཉེར་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག གསར་དུ་བསྐོས་པའི་སི་ཁྲོན་མི་དམངས་སྲིད་གཞུང་གི་ཞིང་དཔོན་གཞོན་པ་དབྱང་ཧུང་པོ་དང་ཝང་མིན་ཧེས་རྩ་ཁྲིམས་དམ་བཅའ་བཞག དུས་མཚུངས་སུ་དམ་བཅའ་ལ་ཞུགས་མཁན་ནི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་ཐེངས་ཉེར་བཞི་པར་གྲོས་འཆམ་བྱུང་པའི་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧང་ཅན་ཧྥ་ཡོད། ཞིང་དཔོན་གཞོན་པ་དབྱང་ཧུང་པོས་དམ་བཅའ་བཞགཅིང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་ཡོངས་ནས་དམ་བཅའ་བཞག་པར་ལྟ་སྐུལ་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1