ཧིན་ཉིའི་སུའུ་མོན་ཏ་ན་གླིང་ཕྲན་ཉེ་འགྲམ་གྱི་མཚོ་རྒྱུད་དུ་ཚད་རིམ་6.5ཅན་གྱི་ས་འགུལ་བྱུང་བ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 06-02


        སྤྱི་ཟླ་6པའི་ཚེས་2ཉིན་གྱི་སྔ་དྲོར། ཧིན་དྷུ་ཉི་ཞི་ཡ་སུའུ་མོན་ཏ་ན་གླིང་ཕྲན་གྱི་ནུབ་རྒྱུད་མཚོ་རྒྱུད་དུ་ཚད་རིམ་6.5ཅན་གྱི་ས་འགུལ་བྱུང་ཤིང་། མིག་སྔར་མི་ལ་རྨས་སྐྱོན་ཕོག་མེད་པ་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པའི་གནས་ཚུལ་ཅི་ཡང་མི་འདུག 

                ཧིན་ཉིའི་གནམ་གཤིས་གནས་ཚུལ་དང་གནམ་གཤིས་དང་སའི་གོ་ལིའི་དངོས་ཁམས་ཅུས་ཀྱི་དྲྭ་ཚིགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  ས་གནས་དེ་གའི་དུས་ཚོད་དེ་ཆུ་ཚོད་5དང་སྐར་མ་56(པེ་ཅིན་གྱི་དུས་ཚོད་6དང་སྐར་མ་56།)སྟེང་ས་འགུལ་བྱུང་། འགུལ་ལྟེ་ནུབ་སུའུ་མོན་ཏ་ན་ཞིང་ཆེན་ནུབ་ཀྱི་ནན་ཕེ་ཞི་ཞི་རྫོང་གི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་79ཡི་མཚོ་རྒྱུད་དུ་གནས། འགུལ་ལྟེ་དང་ནུབ་ཀྱི་སུའུ་མོན་ཏ་ན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་པ་ཏུང་དང་བར་ཐག་ཧ་ལམ་སྤྱི་ལེ་141ཡོད་པ་དང་། འགུལ་ཁུངས་ཟབ་ཚད་ལ་སྤྱི་ལེ་72ཡོད།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1