ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-02


  སྤྱི་ཟླ་6པའི་ཚེས་1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས། གྲོས་ཚོགས་སྟེང་དཀའ་ཁག་ལྡན་པའི་བྱིས་པའི་འགན་སྲུང་ལས་ཀར་ཤུགས་སྣོན་བྱས་ཏེ་ཁོ་ཚོའི་འཚར་ལོངས་ལ་སྔར་ལས་མང་བའི་ཐུགས་ཁུར་དང་རོགས་རམ་བྱེད་པར་བཀོད་སྒྲིག་བྱས་ཤིང་། ཀྲུང་དབྱང་གི་ནོར་སྲིད་ཀྱི་ཚན་རིག་ཞིབ་འཇུག་ལས་གཞིའི་མ་དངུལ་དོ་དམ་གྱི་བྱེད་ཐབས་འཐུས་ཚང་དུ་བཏང་ནས་སྔར་ལས་ལྷག་པར་ཚན་རིག་ཞིབ་འཇུག་མི་སྣའི་གསར་གཏོད་གསར་བསྐྲུན་གྱི་སེམས་ཤུགས་ལ་སྐུལ་སློང་བྱེད་པར་ཐག་གཅོད་བྱས། དེ་མིན་ལས་རིགས་ཐོབ་ཐང་གི་ཁས་ལེན་དབང་ཡིག་དང་ཁས་ལེན་གཏན་འཁེལ་གྱི་དོན་ཚན་ཁག་མེད་པར་བཟོས་ནས་མུ་མཐུད་དུ་ལས་ཤུགས་ལས་གཏོད་ཀྱི་ཆ་རྐྱེན་ཇེ་དམའ་རུ་གཏང་བར་ཐག་གཅོད་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1