ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ལ་མིང་རྟགས་བཀོད་དེ་《ཞིང་སའི་ཆུ་བེད་སྲོལ་ཡིག》ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


  སྤྱི་ཟླ་6པའི་ཚེས་2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་669ལ་མིང་རྟགས་བཀོད་དེ་《 ཞིང་སའི་ཆུ་བདེ་སྲོལ་ཡིག》ཁྱབ་བསྒྲགས་བྱས་ཤིང་། 2016ལོའི་ཟླ་7པའི་ཚེས་1ཉིན་ལག་བསྟར་བྱ་རྒྱུ་རེད། 
  ཆུ་བེད་ནི་ཞིང་ལས་ཀྱི་སྲོག་རྩ་ཡིན་ལ། ཞིང་ལས་འཕེལ་རྒྱས་སུ་གཏང་བར་ངེས་པར་དུ་ཤུགས་ཆེན་པོས་ཞིང་སའི་ཆུ་བདེ་འཕེལ་རྒྱས་སུ་གཏང་དགོས། 《ཞིང་སའི་ཆུ་བེད་སྲོལ་ཡིག》སྒྲིག་བཟོ་བྱས་པས་ཞིང་སའི་ཆུ་བདེ་འཕེལ་རྒྱས་ཇེ་མགྱོགས་དང་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་མཐོར་འདེགས་སུ་གཏང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐད་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།
  《ཞིང་སའི་ཆུ་བེད་སྲོལ་ཡིག》ལས་ཞིང་སའི་ཆུ་བེད་འཕེལ་རྒྱས་སུ་གཏང་དགོས་ན་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་པ། ཡུལ་བབ་དང་བསྟུན་པ། ཆུ་གྲོན་ཆུང་ལ་ཕྱོད་ཕན་ལྡན་པ། འཛུགས་སྐྲུན་དང་དོ་དམ་དམིགས་སུ་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཞེས་གསལ་བོར་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1