དཀར་མཛེས་ཁུལ་གྱི་མི་རིགས་བཤམས་སྟོན་ཁང་ཐོག་མ་དེ་སྤྱི་ཟླ་8པའི་ནང་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། ། སྤེལ་དུས། 06-03



   ཉེ་ཆར། གསར་འགོད་པས་དཀར་མཛེས་ཁུལ་མི་རིགས་བཤམས་སྟོན་ཁང་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་ལས་མཐོང་བ་ལྟར་ན། ཁང་བརྩེགས་གསུམ་ལས་གྲུབ་པའི་མི་རིགས་བཤམས་སྟོན་ཁང་གི་བཟོ་གྲྭ་གཙོ་གྲས་ལས་ཀ་མཇུག་གྲུབ་ཡོད་ལ། ཡུལ་དངོས་ཀྱི་ལས་བཟོ་བས་ཁང་པའི་ནང་ལ་རྨང་གཞིའི་མཛེས་བཟོ་བྱེད་བཞིན་འདུག མི་རིགས་བཤམས་སྟོན་ཁང་གི་འགན་ཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར། མི་རིགས་བཤམས་སྟོན་ཁང་གི་ལས་གཞིའི་འཛུགས་སྐྲུན་བདེ་ལེགས་ངང་སྒྲུབ་བཞིན་ཡོད་ལ། འཆར་གཞི་ལྟར་ན་སྤྱི་ཟླ་7པའི་ཟླ་དཀྱིས་སུ་འགྲེམ་སྟོན་ལེགས་གྲུབ་བྱུང་རྒྱུ་དང་། སྤྱི་ཟླ་8པའི་ནང་དངོས་སུ་སྤྱོད་འགོ་ཚུགས་རྒྱུ་རེད། 


    རྒྱུས་ལོན་བྱས་པ་ལྟར་ན། མི་རིགས་བཤམས་སྟོན་ཁང་བསྐྲུན་རྗེས། དཀར་མཛེས་ཁུལ་གྱིས་སྤེལ་འགོ་ཚུགས་ལ་ཉེ་བའི་དུས་གསུམ་བྱེད་སྒོའི་སྐབས་སུ་ནུས་པ་ཆེན་པོ་ཐོན་ཐུབ་པ་རེད། སྐབས་དེར། མི་རིགས་བཤམས་སྟོན་ཁང་གི་བཤམས་ཁང་ནང་དུ་རྣམ་པ་ཕུན་སུམ་ཚོགས་པའི་སྒོ་ནས་དཀར་མཛེས་ཁུལ་གྱི་ལོ་རྒྱུས་དང་རིག་གནས། སྐྱེ་ཁམས། དམངས་སྲོལ་སོགས་འགྲེམ་སྟོན་བྱ་རྒྱུ་ཡིན་ལ། ལྟད་མོ་བས་དེ་ལས་ཐད་ཀར་དང་ཕྱོགས་ཡོངས་ནས་དཀར་མཛེས་ཁུལ་ལ་རྒྱུས་ལོན་བྱ་ཐུབ་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1