ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-06


  སྤྱི་ཟླ་6པའི་ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་སྐབས། ཁོང་གིས་ཏང་ཡོངས་དང་རྒྱལ་ཡོངས། ལྷག་པར་དུ་རྒྱ་ཆེའི་ཚན་རྩལ་ལས་ཀ་སྒྲུབ་མཁན་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག རང་རྒྱལ་གྱི་ཚན་རྩལ་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ཚན་རྩལ་ཡར་ཐོན་དང་གསར་གཏོད་ཐད་ནས་ཐོལ་བརྒལ་གསར་པ་བྱུང་སྟེ་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཐད་ལ་སྟོབས་དང་ལྡན་པའི་ཚན་རྩལ་ནུས་ཤུགས་འདོན་སྤྲོད་བྱས། དུས་བབ་གསར་པའི་འོག་ཏུ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་ཀ་སྒྲུབ་མཁན་གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་དུ་བླངས་ཏེ་ཡིད་ཆེས་སྲ་བརྟན་དང་འབད་བརྩོན་ལྷོད་མེད། ཡུན་རིང་རྒྱུན་འཁྱོངས་བྱས་ཏེ་ཚན་རྩལ་གསར་གཏོད་དེ་གོ་གནས་གལ་ཆེན་དུ་བཞག་པ་དང་གསར་གཏོད་སྐུལ་འདེད་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ལེགས་པོ་བྱས་ཏེ་མུ་མཐུད་དུ་གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏང་བ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལོ་རྒྱས་འཕེལ་རིམ་ཁྲོད་དུ་བྱས་རྗེས་ཆེན་པོ་འཇོག་དགོས་པར་མ་ཟད། འབད་པ་ཆེན་པོས་ལོ་བརྒྱ་གཉིས་ཀྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1