ནིའུ་ཟེ་ལན་གྱི་བྱང་ཤར་མཚོ་རྒྱུད་དུ་ཚད་རིམ་6.1ཅན་གྱི་ས་འགུལ་བྱུང་བ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ། ཚེ་དབང་དཔལ་མོ། ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 06-06


      སྤྱི་ཟླ་6པའི་ཚེས་6ཉིན། ནིའུ་ཟེ་ལན་གྱི་བྱང་ཤར་མཚོ་རྒྱུད་དུ་ཚད་རིམ་6.1ཅན་གྱི་ས་འགུལ་བྱུང་། མིག་སྔར། ས་འགུལ་རྟོག་ཞིབ་དང་མྱུར་སྐྱོབ་སྡེ་ཁག་ལ་མི་སྣ་རྨས་སྐྱོན་དང་རྒྱུ་ནོར་གྱོང་གུན་གྱི་སྙན་ཞུ་གང་ཡང་འབྱོར་མི་འདུག འགུལ་ལྟེ་ནི་ནིའུ་ཟེ་ལན་བྱང་གི་གླིང་ཕྲན་བྱང་རྒྱུད་ཀྱི་གྲོང་ཁྱེར་ཝང་ཨ་ལེ་ཡི་བྱང་ཤར་དང་སྤྱི་ལེ་965་ཡི་མཚམས་ན་ཡོད་ལ། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་21ཡོད་པ་རེད།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1