ཚུའེ་པའོ་ཧྭ་ཡིས་ཁྲིན་ཏུའུ་ནས་མི་རིགས་ས་ཁུལ་གྱི་མིག་ཤུགས་ཞན་པའི་བྱིས་པ་རྣམས་ལ་འཚམས་འདྲི་དང་སྐུལ་སློང་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-08


            སྤྱི་ཟླ་6པའི་ཚེས་6ཉིན་ནི་རྒྱལ་ཡོངས་ཀྱི་མིག་ལ་གཅེས་སྤྲས་བྱེད་པའི་ཉིན་མོ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭ་ཡིས་ཁྲིན་ཏུའུ་ནས་རང་རེའི་ཞིང་ཆེན་གྱི་རིན་མི་ལེན་པར་སྨན་བཅོས་བྱེད་པའི་མི་རིགས་ས་ཁུལ་གྱི་མིག་ཤུགས་ཞན་པའི་བྱིས་པར་འཚམས་འདྲི་བྱས། 

            རྒྱུས་ལོན་བྱུང་བ་ལྟར་ན། རང་རྒྱལ་ལ་མིག་ཤུགས་ཞན་པའི་བྱིས་པ་ཁྲི་1200ཙམ་ཡོད་པ་དང་། དེའི་ཁྲོད་ཀྱི་བྱིས་པ་མང་ཆེ་བར་ཁྱིམ་ཚང་དབུལ་ཕོངས་དང་སྨན་བཅོས་ཆ་རྐྱེན་ཞན་པ་བཅས་ཀྱི་བཀག་རྒྱ་ཐེབས་པས། ཆེས་ལེགས་པའི་སྨན་བཅོས་ཀྱི་དུས་ཚོད་ལས་བརྒལ་བ་རེད། སྤྱི་ལོ་2002ལོར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཤང་ཀང་གི་དགེ་ཕན་པ་ལྕམ་མོ་ཧྥེང་ཏན་ལི་ཡིས་པེ་ཅིང་དུ་རེ་བའི་སང་ཉིན་བྱིས་པའི་མིག་ནད་སྨན་ཁང་ཐོག་མ་བཙུགས་ནས། ཆེད་དུ་བྱིས་པའི་མིག་ཤུགས་ཞན་པ་སོགས་ཀྱི་སྐོར་ལ་ཞིབ་འཇུག་དང་སྨན་བཅོས་བྱས་པ་རེད། ལོ་ངོ་བཅུ་ལྷག་གི་རིང་ལ། རྒྱལ་ཡོངས་སུ་ཁྱབ་པའི་རེ་བའི་སང་ཉིན་བྱིས་པའི་མིག་ནད་སྨན་ཁང་མང་པོས་སྨན་བཅོས་མི་སྣ་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་གྱི་རྫོང་506ཟབ་ཞུགས་བྱས་ནས་འདེམས་བཤེར་སྨན་བཅོས་སྤེལ་པ་དང་། རིན་མི་ལེན་པར་དབུལ་ཕོངས་དུད་ཚང་གི་བྱིས་པ་མི་ཁྲི་ལ་ཉེ་བར་རོགས་སྐྱོར་གནང་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1