ཀོང་ཏུང་ཞིང་ཆེན་གྱིས་མུ་མཐུད་དུ་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-12


          

        སི་ཁྲོན་དང་ཀོང་ཏུང་གི་སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་གཏད་རོགས་སྐྱོར་ཐེངས་གཉིས་པའི་མཉམ་འབྲེལ་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཚོགས་འདུའི་ཐོག་ལོ་གཅིག་རིང་གི་ཁ་གཏད་རོགས་སྐྱོར་གྱི་ལས་ཀ་ལ་ཕྱོགས་བསྡོམས་བྱས་པ་དང་། དུས་རིམ་རྗེས་མའི་ལས་ཀ་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་། 

            སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་ཀོང་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཀྲུའུ་ཞོ་ཏན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

            ཀྲུང་དབྱང་གི་བཀོད་སྒྲིག་ལྟར་དུ། 2014ལོ་ནས་བཟུང་ཀོང་ཏུང་ཞིང་ཆེན་གྱི་རང་རེའི་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས། ད་ལྟའི་བར་དུ། ཀོང་ཏུང་ཞིང་ཆེན་གྱིས་དཀར་མཛེས་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་3.69བཏང་ནས། ཕྱིར་སྡོད་སྤུན་ཟླའི་གྲོང་ཁྱེར་ཚོགས་པ་སོགས་ཁེ་ལས་ཆེན་པོ་དག་གིས་དཀར་མཛེས་ཁུལ་དུ་དངུལ་འཇོག་ལས་གཏོད་བྱེད་པར་སྐུལ་འདེད་བཏང་ཞིང་། ལས་བྱེད་མི་སྣ་མི་ཐེངས་1991གསོ་སྦྱོང་བྱེད་རོགས་བྱས། སློབ་སྐྱོར་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པ། སྨན་བཅོས་རོགས་རམ་བཅས་ཀྱི་བྱེད་སྒོ་སྤེལ་ནས། དཀར་མཛེས་ཁུལ་གྱི་རིགས་སོ་སོའི་མི་དམངས་ལ་ཕན་པའི་དོན་དངོས་དང་དོན་བཟང་མང་པོ་བསྒྲུབས། 

            ཚོགས་འདུའི་ཐོག སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ཞིང་དཔོན་གཞོན་པ་ཝང་ཉིན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཀོང་ཏུང་གིས་སི་ཁྲོན་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀ་ལེགས་པོར་བསྒྲུབ་པར་གྲོས་གཞི་བཏོན།  དཀར་མཛེས་ཁུལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་གྱི་གནས་ཚུལ་སྐོར་སྙན་སེང་ཞུས། ཀོང་ཏུང་ཞིང་ཆེན་གྱི་སི་ཁྲོན་ལ་རོགས་སྐྱོར་བྱེད་པའི་འཐབ་ཕྱོགས་དང་པོའི་ལས་ཀའི་ཚོགས་པས་ལས་ཀ་སྤེལ་པའི་གནས་ཚུལ་སྐོར་སྙན་སེང་ཞུས ཀོང་ཏུང་ཞིང་ཆེན་སྲིད་གཞུང་གི་སྐུ་ཚབ་ཚོགས་པའི་ཁོངས་མི་དང་། སི་ཁྲོན་ལ་རོགས་སྐྱོར་བྱེད་པའི་འཐབ་ཕྱོགས་དང་པོའི་ལས་ཀའི་ཚོགས་པའི་འགན་འཁུར་བློ་མཐུན་དང་། སི་ཁྲོན་ཞིང་ཆེན་གྱི་འགོ་ཁྲིད་ཝུ་ཅེན་ཕིང་། ཚུའེ་པའོ་ཧྭ། ཀན་ལིན་སོགས་ཚོགས་འདུར་ཞུགས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1