ཡུས་ཀྲེན་ཧྲེང་འགྲམ་ངོགས་གཉིས་ལ་བདེ་སྐྱིད་བསྐྲུན་པ་དང་མ་འོངས་པ་གསར་གཏོད་བྱེད་པ་ཞེས་པའི་ན་གཞོན་གསར་གཏོད་གདོང་ལེན་པའི་བརྗེ་རེས་བྱེད་སྒོར་ཞུགས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-13


  སྤྱི་ཟླ་6པའི་ཚས་11ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་ཞ་མོན་ཧེ་ཚང་ལ་ཕེབས་ཏེ་འགྲམ་ངོགས་གཉིས་ལ་བདེ་སྐྱིད་བསྐྲུན་པ་དང་མ་འོངས་པ་གསར་གཏོད་བྱེད་པ་ཞེས་པའི་ན་གཞོན་གསར་གཏོད་གདོང་ལེན་པའི་བརྗེ་རེས་བྱེད་སྒོར་ཞུགས། 

  ཡུས་ཀྲེན་ཧྲེང་གིས་འགྲམ་ངོགས་གཉིས་ཀྱི་ན་གཞོན་ལས་གཏོད་དང་ལས་ཞུགས་ཀྱི་འཐུས་མི་ལ་བརྗེ་རེས་དང་བཞུགས་མོལ་གནང་། ཚང་མའི་གཏམ་བཤད་ལ་གསན་རྗེས། ཡུས་ཀྲེན་ཧྲེང་གིས་འགྲམ་ངོགས་གཉིས་ཀྱི་མ་འོངས་པའི་འབྲེལ་བའི་ལས་འགན་ལྕི་མོ་དེ་འགྲམ་ངོགས་གཉིས་ཀྱི་ན་གཞོན་གྱི་ཕྲག་ཏུ་བབས་ཡོད། འགྲམ་ངོགས་གཉིས་ཀྱི་ན་གཞོན་དག་འཚར་ལོངས་བྱུང་བའི་ཁོར་ཡུག་མི་འདྲ་བས་གནད་དོན་ལ་ལའི་ངོས་འཛིན་ཐད་ལ་ལྟ་ཚུལ་མི་འདྲ་བ་བྱུང་སྲིད་མོད། ཚང་མ་ཀྲུང་ཧྭའི་བུ་དང་བུ་མོ་ཡིན་པས་ཚང་མར་བདེ་སྐྱིད་ཀྱི་འཚོ་བ་རོལ་ཞིང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་སུ་འགྲོ་བའི་རེ་བ་ཡོད་པ་རེད།  ང་ཚོས་འགྲམ་ངོགས་གཉིས་ཀྱི་ན་གཞོན་ལ་ཆ་རྐྱེན་མང་པོ་བསྐྲུན་ཏེ། འགྲམ་ངོགས་གཉིས་ཀྱི་ན་གཞོན་བར་ཐུག་འཕྲད་དང་བརྗེ་རེས་མང་པོ་བྱས་ནས། ཕན་ཚུན་གྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏང་བ་དང་སེམས་ཀྱི་བར་ཐག་ཇེ་ཐུང་དུ་བཏང་ནས་གྲོགས་པོ་བཟང་བོར་གྱུར་བ་དེར་འགྲམ་ངོགས་གཉིས་ཀྱི་ཡུན་རིང་གི་འབྲེལ་བའི་འཕེལ་རྒྱས་ཐད་ལ་དོན་སྙིང་གལ་ཆེན་ལྡན་ངེས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1