ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་སེར་ཤུལ་ཡན་ལག་ཚོགས་རའི་བྱེད་སྒོ་རབ་དང་རིམ་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-13


       སྤྱི་ཟླ་6པའི་ཚེས12ཉིན། ཀྲུང་གུང་སེར་ཤུལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཁྲེན་ཏུའུ་ཅིན་ཅང་མགྲོན་ཁང་ཆེན་མོར་དག་གཙང་གི་དཀར་མཛེས། བཀྲ་ཤིས་པའི་བྱང་སྡེ་ཉི་མ་རྫ་ཆུ་ཁའི་2016ལོའི་ཀྲུང་གོའི་སེར་ཤུལ་སྦྲ་གུར་དུས་ཆེན་དང་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་སེལ་ཤུལ་ཡན་ལག་འཚོགས་རའི་བྱེད་སྒོ་རབ་དང་རིམ་པའི་གསར་འགྱུར་ཁྱབ་བསྒྲགས་འཚོགས། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། ཁུལ་རིག་གནས་ལུས་རྩལ་དང་རླུང་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས། སེར་ཤུལ་རྫོང་ཏང་ཨུ་དང་སེར་ཤུལ་རྫོང་སྲིད་གཞུང་སོགས་འབྲེལ་ཡོད་འགན་ཁུར་པ་རྣམས་ཚོགས་འདུར་ཞུགས། 
      ཐེངས་འདིའི་དག་གཙང་གི་དཀར་མཛེས། བཀྲ་ཤིས་པའི་བྱང་སྡེ་ཉི་མ་རྫ་ཆུ་ཁ་ཞེས་པ་བརྗོད་བྱ་བྱས་པའི་རིག་གནས་ཡུལ་སྐོར་རབ་དང་རིམ་པ་སྤེལ། སྲིད་གཞུང་གིས་གཙོ་ཁྲིད་བྱས་པ་དང་སྤྱི་ཚོགས་ཟབ་ཞུགས་བྱེད་པ། ཁྲོམ་རའི་འཁོར་རྒྱུགས་བཅས་ཀྱི་རྩ་འཛུགས་གི་རྣམ་པའི་སྒོ་ནས། རིག་གནས་དང་ཡུལ་སྐོར། དཔལ་འབྱོར། ལུས་རྩལ་བཅས་ཟུང་དུ་འབྲེལ་ཏེ། མཐོ་སྒང་གི་རིག་གནས་མངོན་པའི་འབྲོག་པའི་རིག་གནས་དང་སྣ་མང་རིག་གནས་ཀྱི་རྨང་གཞིའི་ཐོག་ཏུ་ཟབ་ཞུགས་རང་བཞིན་དང་སྤྲོ་གསེང་རང་བཞིན། རོལ་རྩེལ་རང་བཞིན་ཤུགས་སྣོན་བྱས་ཏེ། བྱེད་སྒོའི་རྣམ་པས་མུ་མཐུད་དུ་ཁྲོམ་ར་རྒྱ་བསྐྱེད་དེ་ཧུར་ཐག་གིས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དེ་རིག་གནས་ཡུལ་སྐོར་ཐོན་ལས་དང་དཔལ་འབྱོར་སྤུས་ལེགས་ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1