2016ལོའི་སྤྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་པ་དེ་དམག་སྒར་དུ་བསྐྱོད་པའི་སྤྱི་ཕན་བྱེད་སྒོ་སྤེལ་འགོ་ཚུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-13


       སྤྱི་ཟླ་6པའི་ཚེས་11ཉིན། 2016ལོའི་སྤྱི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་པ་དེ་དམག་སྒར་དུ་བསྐྱོད་པའི་སྤྱི་ཕན་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། ཁྲོན་བོད་འགྲམ་རྒྱུད་ཀྱི་དམག་ཚུགས་སུ་དཔེ་ཆ་སྐྱེལ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པར་མ་ཟད་རུ་ཁག་78511དཔེ་མཛོད་ཁང་དུ་དཔེ་ཆའི་ཞལ་འདེབས་ཕུལ།  
       བྱེད་སྒོ་དེ་ནི་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་སྤྱི་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་སྒོའི་མཛུད་ཁྲིད་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་། སི་ཁྲོན་ཤིན་ཧྭ་འགྲེམ་སྤེལ་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་གནང་ཤིང་། ཤིན་ཧྭ་རིག་གནས་དཔེ་སྐྲུན་འཕྲིན་སྦྱོར་མ་རྐང་ཚད་ཡོད་ཀུང་སི་དང་། ཀྲུང་གོའི་མི་དམངས་བཅངས་སྒྲོལ་དམག་གི་རུ་ཁག་78511གིས་འགན་སྒྲུབ་གནང་། ད་ལོར་མུ་མཐུད་དུ་ཁྲོན་བོད་རྒྱུད་ཀྱི་དམག་ཚུགས་གི་དཔོན་དམག་ཚོར་མ་དངུལ་སྒོར་ཁྲི་རིན་50ལོན་པའི་གསར་དུ་གཙོ་སྒྲིག་བྱས་པའི་དཔེ་ཆ་དང་དཔེ་སྒྲོམ་སོགས་ཁྲོན་བོད་འགྲམ་རྒྱུད་ཀྱི་དམག་ཚུགས་ཡོངས་སུ་དཔེ་ཆ་ལྟ་ཐུབ་པར་མངོན་འགྱུར་ཡོང་བར་བྱས། །
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1