ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལི་མའོ་ཁེར་དང་མཇལ་འཕྲད་གནང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-13


  སྤྱི་ཟླ་6པའི་ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་སྐོར་ཐེངས་བཞི་བའི་ཀྲུང་གོ་དང་འཇར་མན་གཉིས་ཀྱི་སྲིད་གཞུང་བར་གྱི་གྲོས་མོལ་ལ་ཞུགས་པའི་འཇར་མན་གྱི་ཙུང་ལི་མའོ་ཁེར་དང་མཇལ་འཕྲད་གནང་། 
  ལི་ཁེ་ཆང་གིས་དེང་སྐབས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་ཆུ་ཚད་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་ཕྱིན་བཞིན་འདུག སྐོར་ཐེངས་གསུམ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་བར་གྱི་གྲོས་མོལ་ལས་གཏན་ཁེལ་བྱས་པའི་《ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་འགུལ་སྐྱོད་ཀྱི་རྩ་གནད།》གཏན་བརླིང་ངང་ལག་ལེན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་རྒྱུན་ཆད་མེད་པར་གཡུར་དུ་ཟ་བའི་འབྲས་བུ་ཐོབ། ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དང་མཉམ་ལས་ཀྱི་མ་འོངས་པར་ཡིད་ཆེས་ཆེན་པོ་བཅངས་ཡོད་ཅེས་བསྟན། 
  མའོ་ཁེར་གྱིས་འཇར་མན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས་ཤིང་། འཇར་མན་དང་ཀྲུང་གོའི་སྲིད་གཞུང་བར་གྱི་གྲོས་མོལ་ནི་རྒྱལ་ཁབ་གཉིས་ཀྱི་ལམ་ལུག་གལ་ཆེན་ཞིག་ཡིན་པས་ངོས་ནས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། འཇར་མན་གྱི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་ལས་ལམ་འགུལ་སྤྱོད་ཀྱི་རྩ་གནད་ལག་བསྟར་ལེགས་པོ་བྱས་ཏེ་སྐོར་ཐེངས་བཞི་བའི་སྲིད་གཞུང་བར་གྱི་གྲོས་མོལ་གྲོས་ཚོགས་ལེགས་པོ་འཚོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་གོམ་གང་མདུན་སྤོས་སྒོས་འཕེལ་རྒྱས་སུ་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1