ཞི་ཅིན་ཕིང་གིས་ཨ་མེ་རི་ཁེའི་ཧྥོ་ལོ་ལི་ཏ་ཀྲོའུ་ལ་མེ་མདའི་དོན་རྐྱེན་བྱུང་བར་སྲིད་འཛིན་ཨོ་པ་མར་འཚམས་འདྲིའི་གློག་འཕྲིན་བཏང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-14


  སྤྱི་ཟླ་6པའི་ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁེའི་སྲིད་འཛིན་ཨོ་པ་མར་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ་ཨ་མེ་རི་ཁའི་ཧྥོ་ལོ་ལི་ཏ་ཀྲོའུ་ཡི་ཨོ་ལན་ཏོ་གྲོང་ཁྱེར་དུ་མེ་མདའི་དོན་རྐྱེན་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་སྲིད་འཛིན་ཨོ་པ་མ་དང་ཨ་མེ་རི་ཁའི་སྲིད་གཞུང་དང་མི་དམངས་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པར་མ་ཟད། དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་ལ་ངང་མྱ་ངན་ཞུས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1