ཝང་ཏུང་མིང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གཙོ་སྐྱོང་མཛད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-15


      སྤྱི་ཟླ་6པའི་ཚེས་14ཉིན་གྱི་ཕྱི་དྲོར།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས།  2016ལོའི་རྒྱལ་ཡོངས་ཀྱི་དམག་དཔུང་གི་ལས་སྒྱུར་ལས་བྱེད་པར་བྱ་བ་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་གནང་སྟེ། རང་རེའི་ཞིང་ཆེན་གྱིས་ལག་བསྟར་དོན་འཁྱོལ་བྱས་པའི་བསམ་འཆར་ལ་ཞིབ་འཇུག་གནང་། རྒྱལ་ཁབ་ཉི་ཤུ་ཡི་ནོར་སྲིད་པུའུ་ཀྲང་དང་ཀྲུང་གོའི་མི་དམངས་དངུལ་ཁང་གི་འགོ་འཛིན་གྲོས་ཚོགས། ཚན་རྩལ་ཐོན་ལས་འགྲེམ་སྟོན་ཚོགས་འདུ་དང་ནུབ་རྒྱུད་དངོས་མང་འགྲེམ་སྟོན་འཚོགས་འདུ་སོགས་ལ་གྲ་སྒྲིག་བྱས་པའི་སྐོར་གྱི་ལས་ཀའི་སྙན་ཞུ་ལ་གསན་ཞིང་འབྲེལ་ཡོད་ཀྱི་ཡིག་ཆར་གྲོས་ཞིབ་གནང་། མི་འགྱངས་བར་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་གྲོས་ཚོགས་བསྡུ་འཚོགས་བྱ་རྒྱུའི་གཏན་འབེབ་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།
      གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྲུང་སྐྱོབ་དང་དམག་དཔུང་བཅོས་སྒྱུར་བྱེད་པའི་དུས་སྐབས་སུ་དམག་དཔུང་གི་ལས་སྒྱུར་ལས་བྱེད་པ་བཀོད་སྒྲིག་བྱེད་པའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་སྤྱི་ལོ་2016ལོའི་རྒྱལ་ཡོངས་ཀྱི་དམག་དཔུང་གི་ལས་སྒྱུར་ལས་བྱེད་པའི་ལས་ཀ་བཀོད་སྒྲིག་བྱེད་པའི་འཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་གནང་སྟེ།རང་རེའི་ཞིང་ཆེན་གྱི་དམག་དཔུང་ལས་སྒྱུར་ལས་བྱེད་པའི་བྱ་བ་བཀོད་སྒྲིག་བྱེད་པའི་ཐད་ཀྱི་བླང་བྱ་བཏོན། གྲོས་ཚོགས་ཐོག་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡིས་རྒྱལ་ཁབ་ཉི་ཤུ་ཡི་ནོར་སྲིད་པུའུ་ཀྲང་དང་ཀྲུང་གོའི་མི་དམངས་དངུལ་ཁང་གི་འགོ་འཛིན་གྲོས་ཚོགས། ཚན་རྩལ་ཐོན་ལས་འགྲེམ་སྟོན་འཚོགས་འདུ་དང་ནུབ་རྒྱུད་དངོས་མང་འགྲེམ་སྟོན་ཚོགས་འདུ་སོགས་ལ་གྲ་སྒྲིག་བྱས་པའི་ལས་ཀའི་སྙན་ཞུ་ལ་གསན། གྲོས་ཚོགས་ཐོག་《གོམ་གང་མདུན་སྤོས་ཀྱིས་མཐོ་རིམ་སློབ་གྲྭའི་ཏང་གི་འཛུགས་སྐྲུན་ཤུགས་སྣོན་དང་བཅོས་སྒྱུར་བྱེད་པའི་སྐོར་གྱི་བསམ་འཆར།》ཐད་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།
    དེ་མིན་གྲོས་ཚོགས་ཐོག མི་འགྱངས་བར་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུ་འཚོགས་བྱ་རྒྱུ་གཏན་འཁེལ་བྱས། ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི། ཏང་གི་སྐབས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ།པལྔ་པ་བཅས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ནས། ཧུར་ཐག་གིས་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་ཚན་རིག་གིས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས། གཞན་ད་དུང་རང་རེའི་ཞིང་ཆེན་གྱི་ལྗང་མདོག་འཕེལ་རྒྱས་ཐད་གོམ་གང་མདུན་སྤོས་ཀྱིས་བཀོད་སྒྲིག་གནང་བ་རྒྱུན་འཁྱོངས་བྱས་ནས། ལོ་སྟོད་ཀྱི་དཔལ་འབྱོར་ལས་ཀར་སྤྱི་བསྡོམས་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་ཀར་བཀོད་སྒྲིག་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1