དཔལ་ཡུལ་རྫོང་གིས་གྲྭ་བཙུན་ལ་ཁྲིམས་ལུགས་གསོ་སྦྱོང་སྤེལ་ནས་ཁྲིམས་ལྟར་དགོན་སྡེ་དོ་དམ་བྱེད་པར་སྐུལ་འདེད་བཏང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།དཀར་མཛེས་གསར་འགྱུར་དྲ་བ། སྤེལ་དུས། 06-15


      ཉེ་ཆར། དཔལ་ཡུལ་རྫོང་གིས་གཅིག་གྱུར་བཀོད་སྒྲིག་ལྟར། རྫོང་དེའི་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུས། རྫོང་ཁྲིམས་འཛིན་ཅུས། རྫོང་སྤྱི་བདེ་ཅུས་སོགས་འབྲེལ་ཡོད་ལས་ཁུངས་ལས་གྲུབ་པའི་ལས་དོན་ཚོགས་ཆུང་ཡ་ཆེན་དགོན་དུ་ཟབ་ཞུགས་བྱས་ནས་ཁྲིམས་སྐྱོང་སློབ་གསོའི་གསོ་སྦྱོང་སྤེལ།
      གསོ་སྦྱོང་ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་བཏོན་པའི་འཐབ་ཕྱོགས་ལྔའི་བྱེད་ཐབས་དང་སི་ཁྲོན་བོད་ཁུལ་གྱི་བོད་སྐྱོང་གི་གཞི་རྩའི་བྱེད་ཐབས་སྐོར་གྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་བོད་ཁུལ་ལས་དོན་ཚོགས་འདུའི་དགོངས་དོན། ཞིང་ཆེན་དང་ཁུལ་གྱིས་ཡ་ཆེན་དགོན་པ་ཁྲིམས་ལྟར་སྐྱོང་དགོས་པའི་འབྲེལ་ཡོད་བླང་བྱ་བརྒྱུད་བསྒྲགས་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1