རྒྱ་གར་དུ་དྲག་ཆར་བབས་ཤིང་གློག་དམར་འཁྱུག་སྟེ་72རྐྱེན་ལམ་དུ་ཤོར།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ། ཚེ་དབང་དཔལ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 06-23


               སྤྱི་ཟླ་6པའི་ཚེས་22ཉིན། རྒྱ་གར་གྱི་དཔོན་པོས་གསལ་བཤད་བྱས་པ་ལྟར་ན། དུས་རླུང་ཆར་རླུང་བྱུང་ནས་དྲག་ཆར་བབས་ཤིང་གློག་དམར་འཁྱུག་པ་སོགས་གནམ་གཤིས་ངན་པའི་ཤན་ཤུགས་ཐེབས་པར། རྒྱ་གར་གྱི་བྱང་རྒྱུད་དང་ཤར་རྒྱུད་དུ་ཉེ་བའི་ཉིན་ཁ་ཤས་རིང་ལ་འབྲེལ་ཡོད་ཀྱི་དོན་རྐྱེན་སྣ་ཚོགས་བྱུང་ནས་མ་མཐའ་ཡང་མི་72རྐྱེན་ལམ་དུ་ཤོར་བ་རེད།     

               རྒྱ་གར་གྱི་དཔོན་པོས་གསལ་བཤད་བྱས་པ་ལྟར་ན། ཉེ་བའི་ཉིན་ཁ་ཤས་ཀྱི་རིང་ལ། རྒྱ་གར་ཤར་རྒྱུད་ཀྱི་པི་ཧ་ཨེར་ས་ཁུལ་དུ་དྲག་ཆར་བབས་ཤིང་གློག་དམར་འཁྱུག་ནས་དོན་རྐྱེན་བྱུང་བར་མ་མཐའ་ཡང་མི་56རྐྱེན་ལམ་དུ་ཤོར་བ་དང་། བྱང་ཕྱོགས་ས་ཁུལ་དང་ཤར་རྒྱུད་ཀྱི་ཆ་ཨེར་ཁེན་ཏེ་ཝས་ཁུལ་དུ་མ་མཐའ་ཡང་མི་12དང་མི་4རིགས་འདྲ་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར།།     





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1