ཞི་ཅིན་ཕིང་གིས་ཅང་སུའུ་ཡན་ཁྲེན་གྲོང་ཁྱེར་དུ་རླུང་འཁོར་དྲག་པོ་དང་སེར་བའི་གནོད་འཚེ་ཚབས་ཆེན་ཐེབས་པར་མཛུབ་སྟོན་གལ་ཆེན་གནང་།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-24


  སྤྱི་ཟླ་6པའི་ཚེས་23ཉིན་གྱི་དུས་ཚོད་14སྟེང་ལ་ཅང་སུའུ་ཞིང་ཆེན་ཡན་ཁྲེན་གྲོང་ཁྱེར་གྱི་ཧྥུ་ལིང་རྫོང་དང་ཧྲེ་དབྱང་རྫོང་གི་ས་ཁུལ་ཁ་ཤས་ལ་གློ་བུར་དུ་རླུང་འཁོར་དྲག་པོ་དང་སེར་བའི་གནོད་འཚེ་ཚབས་ཆེན་བྱུང་སྟེ། ཡུལ་ཤོག་དང་གྲོང་རྡལ་མང་པོར་གནོད་འཚེ་ཐེབས། མི་དམངས་ཀྱི་སྡོད་ཁང་དང་བཟོ་གྲྭ། སློབ་གྲྭའི་སློབ་ཁང་མང་པོ་བརྡིབས་པ་དང་བགྲོད་ལམ་མང་པོ་འགག་པར་གྱུར།     ཚེས་23་ཉིན་གྱི་ཆུ་ཚོད་21དང་སྐར་མ་30བར་དུ་མི་78རྐྱེན་ལམ་དུ་ཤོར་བ་དང་500ཙམ་ལ་རྨས་ཕོག   
  གནོད་འཚེ་་བྱུང་རྗེས།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་ལ་མཐོང་ཆེན་ཆེན་པོ་གནང་།    ཟ་བྷེ་ཁི་སི་ཐན་ཏུ་འཚམས་འདྲི་གནང་བཞིན་པ་མ་ཟད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་མཐོ་རིམ་གྲོས་ཚོསག་ལ་ཞུགས་བཞིན་པའི་ཀྲུང་གོ་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་། རྒྱབ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེ་གནང་བ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ཚན་ཆུང་གིས་མྱུར་སྐྱོབ་བྱེད་པར་རེ་བ་བཏོན་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚབ་མཛད་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་ཞུས།  སྟོབས་ཤུགས་ཡོད་ཚད་བཏོན་ཏེ་རྨས་ཕོག་པའི་མི་སྣ་མྱུར་སྐྱོབ་བྱས་ཏེ་མི་སྣ་རྐྱེན་ལམ་ཤོར་བ་དང་རྨས་ཕོག་ཚད་ཇེ་ཉུང་གཏང་དགོས་པའི་རེ་བ་བཏོན་པ་མ་ཟད་རྐྱེན་ལམ་དུ་ཤོར་བའི་མི་སྣའི་འདས་མཆོད་དང་གནོད་འཚེ་ཐེབས་བའི་མང་ཚོགས་ཀྱི་སྡོད་གནས་བཀོད་སྒྲིག་ལས་དོན་ལེགས་པོ་བསྒྲུབ་དགོས་པའི་མཛུབ་སྟོན་གནང་།  འབྲེལ་ཡོད་ཀྱི་ས་གནས་དང་ལས་ཁུངས་ཀྱིས་གནམ་གཤིས་ཀྱི་སྔོན་བརྡ་དང་ས་གཤིས་གནོད་འཚེའི་གནས་ཚུལ་སྔོན་དཔག་ལས་དོན་སོགས་ཀྱི་ལས་ཀར་ཤུགས་སྣོན་བྱས་ཏེ་རང་བྱུང་གི་གནོད་འཚེ་ཆེན་པོ་སྔོན་འགོག་དང་ཐག་བཅོད་ཀྱི་ལས་དོན་ལེགས་པོ་བསྒྲུབ་དགོས་པར་མ་ཟད།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1