སྐབས་དང་པོའི་མཚོ་སྔོན་ཡུལ་ཤུལ་བྲག་རིས་ཀྱི་བགྲོ་གླེང་ཚོགས་འདུ་སྤྱི་ཟླ་6པའི་ཚེས་26དང་ཚེས་27ལ་བསྡུ་རྒྱུ་རེད།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།བོད་མིའི་རིག་གནས་དྲ་བ། སྤེལ་དུས། 06-24


              ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་གྱིས་འབྲི་ཆུ་བཞུར་རྒྱུན་ནས་སྔ་རྗེས་སུ་རྡོ་ཆས་གསར་པའི་དུས་སྐབས་ཀྱི་བྲག་བརྐོས་རི་མོ་འབའ་ཞིག་གསར་རྙེད་བྱུང་སྟེ། གནའ་བོའི་བྲག་བརྐོས་རི་མོ་དེ་དག་ཁྱབ་ཡུལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་གཟུགས་བརྙན་གྱི་བརྗོད་དོན་ཕུན་སུམ་ཚོགས་པས་ཞིབ་འཇུག་རིན་ཐང་ཆེན་པོ་ལྡན།

           མུ་མཐུད་དུ་བྲག་བརྐོས་རི་མོ་ཁག་གི་ལོ་རྒྱུས་ཀྱི་དུས་མཚམས་དང་སྒྱུ་རྩལ་གྱི་རིན་ཐང་ཁ་གསལ་དང་། ཡུལ་ཤུལ་ས་ཁུལ་དང་མཚོ་བོད་མཐོ་སྒང་གི་གནའ་བོ་མིའི་རིགས་ཀྱི་བྱེད་སྒོའི་དངོས་རྫས་དཔྱད་གཞི་ཕུན་སུམ་ཇེ་ཚོགས་སུ་གཏང་ཆེད། ཡུལ་ཤུལ་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། ཡུལ་ཤུལ་ཁུལ་སྨན་བཅོས་ཚོགས་པ་དང་ཡུལ་ཤུལ་ཁུལ་རིག་རྩལ་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི་སྐབས་དང་པོའི་ཡུལ་ཤུལ་བྲག་བརྐོས་རི་མོའི་བགྲོ་གླེང་ཚོགས་འདུ་ཟླ6པའི་ཚེས་26དང་ཚེས་27ཉིན་ལ་ཡུལ་ཤུལ་གྲོང་ཁྱེར་དུ་བསྡུ་རྒྱུ་རེད།

            གྲོས་ཚོགས་སུ་འཛམ་གླིང་བྲག་བརྐོས་རི་མོ་ཨུ་ལྷན་གྱི་ཨུ་ཡོན། ནན་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐང་ཧུའེ་ཧྲེང་། ཉིང་ཞ་བྲག་བརྐོས་རི་མོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཐུང་། ཀྲེ་ཅང་སློབ་ཆེན་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་ཆེན་མཁས་པ་ཞའེ་ཅིས་ཧྲེང་། བོད་ཀྱི་ལོ་རྒྱུས་རིག་པ་བ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རབས་པའི་མཛུབ་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ཆེད་མཁས་པ་དང་ལོ་རྒྱུས་རིག་པ་བ་ཚེ་རིང་དོན་འགྲུབ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐལ་བཟང་ཚེ་བརྟན་སོགས་ཆེད་མཁས་པ་ཁག་ཅིག་གདན་འདྲེན་ཞུས་ཏེ་མཛུབ་སྟོན་བགྲོ་གླེང་བྱ་རྒྱུ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1