ཞི་ཅིན་ཕིང་གིས་སོག་པོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཨེ་ལི་པེ་ཀུ་ཏོར་ཅི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-24


  

  སྤྱི་ཟླ་6པའི་ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཧྲི་ཀན་ནས་སོག་པོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཨེ་ལི་པེ་ཀུ་ཏོར་ཅི་ལ་མཇལ་འཕྲད་གནང་། 

  ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་དང་སོག་པོ་རྒྱལ་ཁབ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས་ཤིང་དངོས་དོན་མཉམ་ལས་རྒྱུན་མེད་པར་གཏིང་ཟབ་ཏུ་སྤེལ་བཞིན་འདུག ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་གཉིས་ཀྱི་ཐུན་མོང་གི་ངོས་འཛིན་སྣ་ཚོགས་ལག་བསྟར་ལེགས་པོ་བྱེད་པ་དང་ཀྲུང་གོ་དང་སོག་པོ་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཛའ་མཐུན་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་ཅིག་ཏུ་སླེབས་པར་སྐུལ་འདེད་གཏང་དགོས། རྒྱལ་ཁབ་གཉིས་ཀྱིས་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་དང་ཡིད་རྟོན་རྨང་གཞི་སྲ་བརྟན་དུ་གཏོང་བ། སོ་སོའི་ཁེ་ཕན་གཙོ་བོ་དང་གནད་དོན་ཆེན་པའི་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་དང་རྒྱུས་ལོན་བྱ་དགོས། ཀྲུང་གོའི་ཕྱོགས་ནས་སོག་པོ་རྒྱབ་ཁབ་དང་མཉམ་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་ས་གནས་ཀྱི་ལམ་ལུགས་མང་པོའི་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན། 
  ཨེ་ལི་པེ་ཀུ་ཏོར་ཅི་ཡིས་སོག་པོ་རྒྱལ་ཁབ་ཕྱོགས་ནས་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་གྲུ་ཁའི་འཛུགས་སྐྲུན་དང་སྐྱེལ་འདྲེན་སོགས་ཀྱི་མཉམ་ལས་རྒྱ་སྐྱེད་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1