ཞི་ཅིན་ཕིང་གིས་ཕ་ཀི་སི་ཐན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧིག་སད་དབྱིན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-24


  སྤྱི་ཟླ་6པའི་ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཧྲི་ཀན་ནས་ཕ་ཀི་སི་ཐན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧིག་སད་དབྱིན་ལ་མཇལ་འཕྲད་གནང་། 
  ཞི་ཅིན་ཕིང་གིས་དེང་སྐབས་ཀྲུང་གོ་དང་ཕ་ཀི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པ་མགྱོགས་ཤིང་མཐོ་རིམ་འབྲེལ་འདྲེས་ཇེ་མང་དུ་གྱུར། དངོས་དོན་མཉམ་ལས་གཏིབ་ཟབ་ཏུ་སྤེལ་པ་མ་ཟད། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་མཐུན་སྦྱོར་བྱས་པ་ཤིན་ཏུ་ལེགས། ད་ལོ་ནི་ཀྲུང་གོ་དང་ཕ་ཀི་སི་ཐན་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་65ལོན་པའི་ལོ་རེད། ཕྱོགས་གཉིས་ཀྱིས་གོ་སྐབས་འདི་དང་བསྟུན་ཏེ་ མཐོ་རིམ་འགོ་ཁྲིད་པའི་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཕ་ཀི་སི་ཐན་གཉིས་ཀྱི་མཛའ་འབྲེལ་དེ་དངོས་དོན་མཉམ་ལས་ཀྱི་སྐུལ་ཤུགས་སུ་བསྒྱུར་དགོས། དེ་མིན་བཟོ་ཚོང་དང་བདེ་འཇགས། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱུན་ཆད་མེད་པར་ཀྲུང་གོ་དང་ཕ་ཀི་སི་ཐན་གཉིས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས་ཞེས་བསྟན།
  ཧིག་སད་དབྱིན་གྱིས་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ནས་ནམ་ཡང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། ཕ་ཀི་སི་ཐན་ཕྱོགས་ནས་བློ་ཐག་རྦད་ཆོད་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཐེ་ཝན་དང་བོད་ལྗོངས། ལྷོ་མཚོ་སོགས་ཀྱི་གནད་དོན་ཐད་བཟུང་བའི་རྩ་དོན་དང་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ངེས། ཕ་ཀི་སི་ཐན་ཕྱོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་ལྷག་པར་དུ་ཀྲུང་གོ་དང་ཕ་ཀི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངསདང་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་སྣ་མང་ལས་དོན་ཁྲོད་མུ་མཐུད་དུ་ཀྲུང་གོ་དང་མཉམ་འབྲེལ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1