ཞི་ཅིན་ཕིང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-26



        སྤྱི་ཟླ་6པའི་ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་འཐབ་ཇུས་མཐུན་སྦྱོར་གྱི་སྙིང་སྟོབས་དང་མི་རབས་ནས་མི་རབས་བརྒྱུད་ཡོང་བའི་མཛའ་མཐུན་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེར་བཏང་ནས་ཆབ་སྲིད་དང་འཐབ་ཇུས་ཡིད་ཆེས་སྲ་བརྟན་དུ་གཏང་དགོས་པར་མ་ཟད། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་མཐུན་སྦྱོར་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་གྲོས་མཐུན་བྱུང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1