མ་འོངས་བའི་ལོ་ལྔའི་ནང་རང་རེའི་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར2000གཏོང་འཇོག་བྱས་ནས་ལྕགས་ལམ་བསྐྲུན་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-28


      ཉེ་ཆར། གསར་འགོད་པའི་ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁ་ཤས་ཀྱི་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་བྱ་བའི་གློག་བརྙན་དང་ཁ་པར་གྱི་ཚོགས་འདུའི་ཐོག་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ། སི་ཁྲོན་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་ཐད་དུ་མ་དངུལ་སྒོར་དུང་ཕྱུར་2000ལྷག་གཏོང་འཇོག་བྱེད་པའི་འཆར་གཞིའི་འོག ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར་400གཏོང་འཇོག་བྱས་ནས། སྤྱི་ལོ་2020ལོར། སི་ཁྲོན་དུ་ཕར་འགྲོ་ཚུར་འོང་བྱེད་པའི་ལམ་ཐིག་བཞི་གསར་དུ་ཁ་སྣོན་བྱུང་ཡོང་བ་བྱས་ནས་བསྡོམས་པས་ལྕགས་ལམ་ལམ་ཐིག་13བསྐྲུན་རྒྱུ། 
      མིག་སྔར། ཞིང་ཆེན་ཡོངས་སུ་ཤིས་ཁྲིན་དང་ཁྲིན་ཀའེ། ཁྲིན་ཁུན་སོགས་རྣམ་གྲངས་བཅུ་བདུན་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། སྔོན་དཔག་བྱས་པ་ལྟར་ན་མ་འོངས་བའི་ལོ་ལྔའི་ནང་དུ་ད་དུང་ཁྲིན་ཏུའུ་ནས་པེ་ཅིང་དང་། ཁུ་ནུ། ཟི་ལིང་ནས་ཁྲིན་ཏུའུ། མེན་དབྱང་ནས་སའེ་ནེན་དང་ནེ་ཅང་། ཧན་ཀྲུང་དང་པ་ཀྲུང་། ནན་ཁྲུང་། ཁྲོན་བོད། ཕན་ཀྲི་ཧྭ་ནས་ཏ་ལིའི་བར་གྱི་ལྕགས་ལམ་སོགས་ཁྱོན་ལས་གཞི་18འཛུགས་སྐྲུན་བྱ་རྒྱུ་རེད། སྤྱི་ལོ་2020ལོར་སླེབས་སྐབས། ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་སྐྱེལ་འདྲེན་བྱེད་ཚད་དེ་སྤྱི་ལེ་6000ཡན་ལ་སླེབས་ནས།མྱུར་བགྲོད་ལྕགས་ལམ་སྤྱི་ལེ་2100ཡན་ལ་ཟིན་པ་བྱ་རྒྱུ་རེད། ཁྲིན་ཏུའུ་ནས་པེ་ཅིང་དང་ཐེན་ཅིན། ཧུ་པེ། འབྲི་ཆུའི་ཟུར་གསུམ་འགག་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་སོགས་དཔལ་འབྱོར་གཙོ་གནད་ཁུལ་གྱིས་ཆུ་ཚོད་བརྒྱད་རིང་གི་དཔལ་འབྱོར་གླིང་དང་། མཐའ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཆུ་ཚོད་གཅིག་ནས་བཞི་ཡི་བར་གྱི་ཚོང་གཉེར་གླིང་ལེགས་འགྲུབ་ཡོངས་བ་བྱས་ནས། ལྕགས་ལམ་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་85%ཡན་གྱི་རྫོང་རིམ་པའི་གྲོང་ཁྱེར་ཡོངས་སུ་ཁེབས་པར་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1