དམིགས་འབེན་དང་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ལས་དོན་ཁག་ལ་སྐུལ་འདེད་བཏང་བ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།སི་ཁྲིན་གསར་འགྱུར་དྲ་བ། སྤེལ་དུས། 06-28


    སྤྱི་ཟླ་6པའི་ཚེས་21ནས་22་བར།  ཀྲོའུ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཡེ་ཤེས་ཟླ་བས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་སྡེ་དགེ་རྫོང་དུ་ཕེབས་ནས་ས་གནས་དེ་གའི་ཡུལ་སྐོར་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ།  དེ་མིན་གྲོང་རྡལ་འཛུགས་སྐྲུན་དང་སློབ་གསོའི་ལས་རིགས།  ད་དུང་ཐུམ་འབུའི་ནད་འགོག་བཅོས་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བར་མ་ཟད་ད་དུང་སྡེ་དགེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ལ་རེ་བ་བཞི་བཏོན་པ་སྟེ། 
    གཅིག་ནས་འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་ཀྱི་མཛུབ་ཁྲིད་འོག་རྫོང་གི་གནས་ཚུལ་ལ་ངོས་འཛིན་བྱས་ཏེ།  ནན་ཏན་སྒོས་གསར་གཏོད།  མཐུན་སྦྱོར།  ལྗང་མདོག སྒོ་འབྱེད།  མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་མོ་ལྔའི་ནང་དོན་སློབ་སྦྱོང་བྱ་དགོས། 

    གཉིས་ནས་ “གཉིས་སློབ་གཅིག་བྱེད” སློབ་སྦྱོང་སློབ་གསོ་དམ་འཛིན་བྱས་ཏེ་ལས་བྱེད་པའི་བློ་སྤོབས་ཆེར་སྐྱེད་དགོས། “གཉིས་སློབ་གཅིག་བྱེད”སློབ་སྦྱོང་སློབ་གསོ་ཡིས་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པའི་ལྟེ་བར་ཕྱོགས་པའི་སྟོབས་ཤུགས་དང་གཅིག་བསྡུས་ཀྱི་སྟོབས་ཤུགས། འཐབ་འཛིང་གི་སྟོབས་ཤུགས་བཅས་ཆེ་རུ་གཏང་ནས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་རྣམས་ཀྱི་བསམ་བློའི་ཆབ་སྲིད་དང་སྤྱོད་ཚུལ་འཛུགས་སྐྲུན་ཇེ་ཆེན་གཏང་དགོས།  

    གསུམ་ལ། “འཐབ་ཇུས་ཆེན་པོ་དྲུག“་གཙོ་བོ་བཟུང་ནས་གོམ་གང་མདུན་སྤོས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོར་རྟོགས་དགོས།   དཀར་མཛེས་གེ་སར་གནམ་གྲུ་ཐང་མི་འགྱངས་བར་ཤར་གཏོང་བྱེད་པ་སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་ཁ་ཕྱོགས་འཚོལ་ཞིབ་བྱས་ཏེ་དམིགས་ཡུལ་གཏན་འབེབ་དང་ལམ་ཕྱོགས་གཏན་ཁེལ་བྱ་དགོས།   སྡེ་དགེ་རྫོང་གི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་འབད་དགོས།  

    བཞི་ནས“གནད་འགག་ལས་སྒྲོལ་བ་དང་ཁྱོན་ཡོངས་ཀྱིས་སྐུལ་སྤེལ་“ཀྱི་བྱེད་ཐབས་སྤྱད་ནས་ལས་དོན་ཁག་བཀོད་སྒྲིག་ལེགས་པོ་བྱ་དགོས་པར་མ་ཟད། ཁྱོན་ཡོངས་ཀྱི་ལས་ཀ་ཐོག་སྡེ་དགེའི་འཕེལ་རྒྱས་དང་དམངས་འཚོ།  དེ་མིན་བརྟན་བརླིང་དམ་འཛིན་ལེགས་པོ་བྱ་དགོས།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1