སི་ཁྲོན་གྱིས་མི་རིགས་ས་ཁུལ་དུ་ཡུལ་སྐོར་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་དཔེ་སྟོན་ཁུལ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་བརྩམས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-29


     ཞིང་ཆེན་ཡུལ་སྐོར་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་འདུ་འཚོགས་པའི་ཚུན་ལ། རང་རེའི་ཞིང་ཆེན་གྱིས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་སྟེ། ཞིང་བ་ཕྱུག་འགྱུར་ལམ་དུ་སྐུལ་ཁྲིད་བྱེད་པའི་སྲིད་འཛིན་གྲོང་ཚོ་5000ལས་བརྒལ་བ་དང་། ཞིང་པ་མི་གྲངས་ཁྲི་1000ལྷག་ལ་ཐད་ཀར་དང་གཞན་རྒྱུད་ཀྱི་ལམ་ནས་ཕན་ཐོགས་ཡོད་པ་རེད།
     རྔ་བ་ཁུལ་གྱི་དཔེ་སྟོན་ལས་གཞི་སུམ་བརྒྱ་དང་ཡུལ་སྐོར་ས་ཚིགས་གཅིག་གིས་ཡུལ་ཚོ་གཅིག་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་དང་།  ཡུལ་སྐོར་ཁུལ་གཅིག་གིས་ཡུལ་ཤོག་གཅིག་ཕྱུག་འགྱུར་ཡོང་བའི་བྱ་ཐབས་སྤྱད་དེ། ལེགས་ཆ་འཐུས་ཚང་ཅན་དང་འཁོར་ཡུག་མཛེས་ཤིང་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲོང་ཚོ་ཁག་ཅིག་བསྐྲུན་པས། མང་ཚོགས་ཀྱིས་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་རྨང་གཞི་བརྟན་པོ་ཤིག་བཏིངས་པ་རེད།  
     དཀར་མཛེས་ཁུལ་གྱིས་ཡུལ་སྐོར་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། འབོ་ཞབས་གྲོང་རྡལ་དང་འདབ་པ་རྫོང་སོགས་ཀྱི་ཡུལ་སྐོར་དབུལ་སྐྱོར་གྱི་དཔེ་སྟོན་ས་ཚིགས་གཏོད། ལའང་ཧྲན་ཁུལ་གྱི་ཡུལ་སྐོར་ལས་ཞུགས་ཀྱིས་སྤྱི་ཚོགས་ཡོངས་ཀྱི་ལས་ཞུགས་ཚད་བརྒྱ་ཆ་དྲུག་ཚེག་ལྔ་ཡན་ཟིན་ཡོད་པ་དང་། ཞི་ཁྲང་གྲོང་ཁྱེར་ཨན་ཧ་གྲོང་རྡལ་དང་ལི་པོ་རྫོང་སོགས་ཀྱིས་ཁེ་ལས་ནང་འདྲེན་བྱས་པར་བརྟེན་ནས།དབུལ་བོའི་མང་ཚོགས་ཀྱིས་ཡུལ་སྐོར་ཚོང་རྫས་ལས་བཟོ་བྱེད་པར་གསོ་སྦྱོང་བྱས་ཏེ། དབུལ་བྲལ་ཕྱུག་འགྱུར་ཡོང་བ་མངོན་འགྱུར་བྱུང་ཡོད་པ་རེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1