དབྱི་ལིས་ཆིན་པ་རི་ཁུལ་གྱིས་དབུལ་བྲལ་འགག་སྒྲོལ་བྱེད་པའི་ཡུལ་དངོས་ཀྱི་སྐུལ་འདེད་ཚོགས་འདུའི་ཐོག་ཞུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-30


      སྤྱི་ཟླ་6པའི་ཚེས་27ཉིན། ཆིན་པ་རི་ཁུལ་གྱིས་དབུལ་བྲལ་འགག་སྒྲོལ་བྱེད་པའི་ཡུལ་དངོས་ཀྱི་སྐུལ་འདེད་འཚོགས་འདུ་དེ་ཏཱ་ཀྲུའུ་གྲོང་ཁྱེར་ཤན་ཧན་རྫོང་ནས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱི་ལིས་ཚོགས་འདུར་ཞུགས་ཤིང་གསུངས་བཤད་ཀྱང་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཞིང་ཆེན་དབུལ་བྲལ་འགག་སྒྲོལ་གྱི་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གི་གསུངས་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པ་དང་། དུས་ནམ་ཡང་དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཁ་ལོན་པའི་ལམ་བུའི་ཐོག་ནས། དོན་ཆེན་ཁག་དམ་འཛིན་ཞིབ་སྒོས་གནད་སྨིན་དབུལ་སྐྱོར་ཡོང་བ་ནུས་ལྡན་དང་། གནད་སྨིན་དབུལ་བྲལ་གི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་འབད་བརྩོན་བྱས་ནས། དོན་དངོས་ཐོག་དབུལ་བྲལ་འགག་སྒྲོལ་ཡོང་བ་དེ་གཏིང་ཇེ་ཟབ་དུ་གཏོང་དགོས་ཞེས་བསྟན། 
      ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཉེ་ཆར། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་ཆིན་པ་རི་ཁུལ་གྱི་དབུལ་ཕོངས་རྫོང་དང་། དབུལ་ཕོངས་སྡེ་བ་རུ་ཕྱིན་ནས་ཞིབ་བཤེར་དང་དཔྱད་དཔོག་བྱས། འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་རྫོང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་རྣམས་ཀྱིས་ལས་ཡུལ་དངོས་ནས་ཀང་ཡོན་གྱི་ཝང་ཚང་རྫོང་ཅ་ཁྲོན་གྲོང་རྡལ་ཝུའུ་ཧོང་སྡེ་བ་དང་།(广元旺苍县嘉川镇五红村)ནོང་ཅན་ཡུལ་ཤོག་ནོང་ཅན་སྡེ་བ།(农建乡农建村)པ་ཀྲུང་འུན་དབྱང་ཆུས་ཆིན་མོའི་གྲོང་རྡལ་ཧྭ་པའོ་སྡེ་བ་དང་།(巴中恩阳区青木镇花包村)ཕིང་ཁྲང་རྫོང་ཆིན་ཧྥོང་གྲོང་རྡལ་ཧྥོང་ཤིང་སྡེ་བ།(平昌县青凤镇枫香村)ཏཱ་ཀྲུའུ་ཤན་ཧན་རྫོང་མའོ་འན་ཡུལ་ཤོག་ཏོང་ཙི་སྡེ་བ་(达州宣汉县庙安乡洞子村)སོགས་ས་གནས་སུ་དབུལ་བྲལ་འགག་སྒྲོལ་ལས་ཀ་སྐུལ་འདེད་གཏོང་བའི་གནས་ཚུལ་སྐོར་ལ་རྟོག་ཞིབ་གནང་།། 
        


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1