དབྱི་ལིའི་ཏཱ་ཀྲུའུ་རུ་ཆུ་འགོག་གནོད་སེལ་བྱ་བར་རྟག་དཔྱད་གནང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 06-30


      ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་དབྱི་ལི་ཏཱ་ཀྲུའུ་གྲོང་ཁྱེར་དུ་ཕེབས་ནས་ཆུ་འགོག་གནོད་སེལ་བྱ་བར་བཀོད་འདོམས་གནང་སྟེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་ད་ལོའི་ཆུ་བྲུབ་དུས་སྐབས་ཀྱི་ཛ་དྲག་གནས་བབ་ལ་ཤེས་རྟོག་ཡོང་བ་བྱས་ནས། ཁྱོན་ཡོངས་ནས་ཆུ་ལོག་སྔོན་འགོག་གི་འགན་འཁྲི་དོན་འཁྱོལ་ཡོང་བ་དང་། ཆུ་ལོག་སྔོན་འགོག་གི་རྣམ་གྲངས་སོ་སོའི་བྱ་བའི་བྱེད་ཐབས་ཁག་དམ་འཛིན་ནན་མོ་དང་དོན་འཁྱོལ་ཡོང་བྱས་ཏེ། ཧུར་ཐག་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་པར་ཤུགས་སྣོན་བྱེད་དགོས་པའི་བླང་བྱ་བཏོན།
          རྟག་དཔྱད་བྱེད་སྐབས་སུ་དབྱི་ལི་ཡིས། རིམ་པ་སོ་སོའི་སྲིད་གཞུང་གིས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་རང་རེའི་ཞིང་ཆེན་གྱི་ད་ལོའི་ཆུ་བྲུབ་དུས་སྐབས་ཀྱི་ཛ་དྲག་གནས་ཚུལ་ལ་ཤེས་རྟོགས་ཟབ་མོ་ཡོང་བ་བྟེད་པ་དང་། རྣམ་གཡང་བག་མེད་དང་སྟེས་དབང་གི་བསམ་ཚུལ་ལ་ཁ་གཏད་ཏེ། ཆུ་འགོག་གནོད་སེལ་བྱེད་པ་དེ་ཆུ་བྲུབ་དུས་སྐབས་ཀྱི་འགན་འཁྲི་གཙོ་བོ་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་དང་། མིག་སྔར་གྱི་ལས་ཀའི་རྨང་གཞིའི་ཐོག་དུ་ཆད་ལྷག་ཁ་གསབ་བྱས་ཏེ། བདེ་འཇགས་ངང་ཆུ་བྲུབ་དུས་སྐབས་བརྒལ་བའི་བསམ་བློ་དང་གྲ་སྒྲིག་བྱ་བ་བཅས་ལེགས་པོར་བསྒྲུབ་དགོས་པའི་ནན་གསུངས་གནང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1