དཀར་མཛེས་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་95ལོན་པའི་ཚོགས་ཆེན་དར་མདོ་རུ་གཟབ་རྒྱས་ངང་འཚོགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ། ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-30


    ཚེས་25ཉིན་གྱི་སྔ་དྲོར།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་95ལོན་པའི་ཚོགས་ཆེན་དར་མདོ་རུ་གཟབ་རྒྱས་ངང་འཚོགས།   ཀྲོའུ་ཨུ་ཧྲུའུ་ཅི་ལུའུ་ཁྲེན་མིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེ་གནང་།   བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ཏུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱ་དགོས་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོ་པོ་བསྒྲེང་སྟེ་རྒྱུན་ཆད་མེད་པར་འགན་ཁུར་གྱི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས། དེ་མིན་མཁོ་གལ་གྱི་འདུ་ཤེས་བཅས་ཀྱི་ཤུགས་ཇེ་ཆེ་གཏང་དགོས། མགྱོགས་མྱུར་ངང་མཛེས་སྡུག་ཅན་དང་འཆམ་མཐུན་ཅན་གྱི་འབྱོར་འབྲིང་དཀར་མཛེས་ཤིག་འཛུགས་སྐྲུན་དགོས།   2020ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་གྲུབ་བྱུང་པར་ཁག་ཐེག་ནན་ཏན་བྱ་དགོས་ཞེས་བསྟན།  །
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1