ཧྲི་སྨི་སེན་རིག་གཞུང་ལྷན་ཚོགས་དེ་སྤྱི་ལོ་2016ལོའི་དམངས་སྲོལ་དུས་ཆེན་ཝ་ཧྲིང་ཐོན་དུ་ཚོགས་འགོ་ཚུགས་པ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 06-30


          

         ཧྲི་སྨི་སེན་རིག་གཞུང་ལྷན་ཚོགས་ཀྱི་སྤྱི་ལོ་2016ལོའི་དམངས་སྲོལ་དུས་ཆེན་དེ་ཝ་ཧྲིང་ཐོན་དུ་ཚོགས་འགོ་ཚུགས།    

         སྤྱི་ཟླ་6པའི་ཚེས་29ཉིན། ཨ་རིའི་ཝ་ཧྲིང་ཐོན་དུ། དཀྲོལ་འཁྲབ་པ་གཉིས་ཀྱིས་ཧྲི་སྨི་སེན་རིག་གཞུང་ལྷན་ཚོགས་ཀྱི་སྤྱི་ལོ་2016ལོའི་དམངས་སྲོལ་དུས་ཆེན་ཚོགས་འགོ་ཚུགས་པའི་མཛད་སྒོའི་སྟེང་ཅ་ལི་ཧྥུ་ཉི་ཡའི་ཡུལ་སྲོལ་གྱི་རོལ་དབྱངས་འཁྲབ་སྟོན་བྱས། ཉིན་དེར། ཧྲི་སྨི་སེན་རིག་གཞུང་ལྷན་ཚོགས་ཀྱི་སྤྱི་ལོ་2016ལོའི་དམངས་སྲོལ་དུས་ཆེན་དེ་ཝ་ཧྲིང་ཐོན་དུ་ཚོགས་འགོ་ཚུགས། ད་ལོའི་དམངས་སྲོལ་དུས་ཆེན་དེ་སྤྱི་ཟླ་6པའི་ཚེས་29ཉིན་ནས་སྤྱི་ཟླ་7པའི་ཚེས་4ཉིན་དང་། སྤྱི་ཟླ་7པའི་ཚེས་7ཉིན་ནས་སྤྱི་ཟླ་7པའི་ཚེས་10ཉིན་བཅས་དུས་རིམ་གཉིས་སུ་དབྱེ་ཡོད། བརྗོད་བྱ་གཙོ་བོ་ནི་པ་སི་ཁོ་མིའི་སྲོལ་རྒྱུན་རིག་གནས་དང་གཞན་ཅ་ལི་ཧྥུ་ཉི་ཡའི་དམངས་སྲོལ་ཡིན།།      




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1