སི་ཕན་གྱི་གྲོང་རྡལ་ཆུང་ཆུང་ཞིག་ཏུ་རྟ་རྒོད་འཛིན་པའི་དུས་ཆེན་རོལ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-04


           ས་གནས་དེ་གའི་དུས་ཚོད་དེ་2016ལོའི་ཟླ་7པའི་ཚེས་3ཉིན། སི་ཕན་གྱི་ནུབ་བྱང་ས་ཁུལ་གྱི་སཱ་པུ་སའེ་ཏའོ་ཞེས་པའི་གྲོང་རྡལ་ཆུང་ཆུང་ཞིག་ཏུ། སི་ཕན་སྲོལ་རྒྱུན་གྱི་"Rapa das Bestas"ཞེས་པའི་རྟ་རྒོད་འཛིན་པའི་དུས་ཆེན་རོལ། 

            སི་ཕན་གྱི་ནུབ་བྱང་ས་ཁུལ་དུ། མང་ཚོགས་ཀྱིས་ཟླ་བ་7པའི་རེས་གཟའ་དང་པོའི་གཟའ་མཇུག་ལ་དུས་ཆེན་དེར་རོལ་འགོ་བརྩམས་ཤིང་རྟ་རྒོད་བརྒྱ་ཕྲག་ལྷག་མཉམ་དུ་བསྡུས་ཏེ་མི་རྣམས་ཀྱིས་འཛིན་བཟུང་བྱེད་བཞིན་ཡོད། དུས་ཆེན་དེར་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1