ལི་ཁེ་ཆང་གིས་གྷི་རི་སིའི་ཙུང་ལི་ཆི་ཕུ་ལ་སི་དང་གྲོས་མོལ་མཛད།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-05


        སྤྱི་ཟླ་7པའི་ཚེས་4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཕེབས་པའི་གྷི་རི་སིའི་ཙུང་ལི་ཆི་ཕུ་ལ་སི་དང་གྲོས་མོལ་མཛད།
        ལི་ཁེ་ཆང་གིས་མིག་སྔར་གྷི་རི་སིའི་ཕྱོགས་ནས་ཀྲུང་གོ་དང་གྷི་རི་སའི་པི་ལི་ཨེ་ཧྥོ་སི་གྲུ་ཁའི་གྲུ་ཁའི་ལས་དོན་ཅུས་ཀྱི་ལས་གཞིའི་དམིགས་བསལ་གཉེར་སྐྱོང་དབང་ཆའི་གྲོས་གཞིར་ཞིབ་བཤེར་བྱེད་པའི་ལས་རིམ་ལེགས་གྲུབ་བྱུང་བ་དེས་ཕྱོགས་གཉིས་ཀྱི་མཉམ་ལས་སྐུལ་འདེད་ལ་རྨང་གཞི་བརྟན་པོ་བཏིངས་པ་རེད། ང་ཚོས་གྷི་རི་སི་དང་མཉམ་དུ་འབད་པ་ཆེན་པོས་པི་ལི་ཨེ་ཧྥོ་སི་གྲུ་ཁ་དེ་སྐོར་དཀྱིལ་རྒྱ་མཚོའི་གྲུ་ཁ་གཙོ་བོ་ཞིག་དང་འདྲེན་སྐྱེལ་ལྟེ་གནས་སུ་བསྐྲུན་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་མགྱོགས་བགྲོད་ལམ་ཐིག་དང་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མཉམ་སྦྲེལ་མཉམ་མཐུད་ཀྱི་སྒོ་ཆེན་ཞིག་ཏུ་བསྒྱུར་དགོས། འདིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕྱོགས་གཉིས་ཀྱི་མཉམ་ལས་ཁྲོད་དོན་དངོས་ཀྱི་ཁེ་ཕན་ཐོབ་པར་ཕན་པ་ཆེན་པོ་ལྡན་ངེས། རྒྱལ་ཁབ་གཉིས་ཀྱི་རྫོང་སྟུག་པའི་མི་ཆོས་ཐོན་ཁུངས་སྤྱད་དེ་རིག་གནས་དང་སློབ་གསོ། ཚན་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་དགོས་ཞེས་བསྟན། 
        ཆི་ཕུ་ལ་སི་ཡིས་གྷི་རི་སིའི་ཕྱོགས་ནས་པི་ལི་ཨེ་ཧྥོ་སི་གྲུ་ཁའི་འཛུགས་སྐྲུན་གྱི་གོ་སྐབས་དང་བསྟུན་ནས་ཕྱོགས་གཉིས་ཀྱི་གྲུ་བཟོ་དང་དངུལ་རྩ། ཚན་རྩལ་གསར་གཏོད། ཟས་རིགས་བཟོ་ཚོང་། ཡུལ་སྐོར། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་འདོད་པར་མ་ཟད། ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ཁྲོད་ནུས་པ་འདོན་སྤེལ་བྱས་ཏེ་ཧུར་ཐག་གིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1