ཞི་ཅིན་ཕིང་གིས་གྷི་རི་སིའི་ཙུང་ལི་ཆི་ཕུ་ལ་སི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-06


        སྤྱི་ཟླ་7པའི་ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྷི་རི་སིའི་ཙུང་ལི་ཆི་ཕུ་ལ་སི་ལ་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་གྷི་རི་སིས་འབྲེལ་བ་བཙུགས་ནས་ལོ་ངོ་44ལོན་པའི་རིང་ལ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་རྫོང་སྟུག་པའི་སྲོལ་རྒྱུན་མཛའ་འབྲེལ་བརྟན་པོ་ཆགས་པ་རེད། ཀྲུང་གོས་གྷི་རི་སི་ནི་ཡོ་རོབ་མནའ་འབྲེལ་ཁྲོད་ཀྱི་འཐབ་ཇུས་གྲོགས་པོར་ངོས་འཛིན་བྱེད་བཞིན་ཡོད་ལ། དེང་སྐབས་ཀྱི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་གྷི་རི་སི་ཡིས་སེམས་ཤུགས་གཅིག་ཏུ་བསྡུས་ཏེ་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོ་དང་གྷི་རི་སི། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཁྱོན་ཡོངས་འཐབ་ཇུས་མཛའ་མཐུན་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།
        ཆི་ཕུ་ལ་སི་ཡིས་ཐོག་མར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་95ལོན་པར་རྟེན་འབྲེལ་ཞུས་ཤིང་། གྷི་རི་སིའི་ཕྱོགས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་བརྟན་བརླིང་དང་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཁྲོད་རང་ངོས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཀྲུང་གོའི་ཕྱོགས་ཀྱི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་སྦྲེལ་མཐུད་མཉམ་ལས་བྱ་འདོད་པར་མ་ཟད། ནུས་ཁུངས་དང་འདྲེན་སྐྱེལ་སོགས་ཁྱབ་ཁོངས་ཁྱོད་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1