ཐང་རྒྱལ་རབས་དང་བོད་བཙན་པོའི་རྡོ་བརྐོས་རི་མོར་དོ་སྣང་བྱས་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ཤིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 07-07



    སི་ཁྲོན་ཞིང་ཆེན་དཀར་མཛེས་་ཁུལ་སེར་ཤུལ་རྫོང་དུ་ལོ་ཆུང་གྲོང་རྡལ་གྱི་རྡོ་བརྐོས་རི་མོའི་ཚོགས་དང་ཁྲོམ་གཟའ་འགབ་མ་གྲོང་སྡེའི་རྡོ་བརྐོས་རི་མོའི་ཚོགས། འབའ་དགའ་གྲོང་སྡེའི་རྡོ་བརྐོས་རི་མོའི་ཚོགས་བཅས་ནི་ཐང་རྒྱལ་རབས་དང་བོད་བཙན་པོའི་རྡོ་བརྐོས་རི་མོའི་ཚོགས་གནས་གསུམ་ཡིན། 2013ལོར། གོང་མའི་ཕོ་བྲང་དངོས་རྫས་བཤམས་སྟོན་ཁང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། སི་ཁྲོན་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་གླིང་། ཧྲའན་ཤིས་ཞིང་ཆེན་རིག་དངོས་ཅུས་བཅས་ཀྱི་གནའ་རྫས་རྟོག་ཞིབ་སྡེ་ཁག་གིས་མཉམ་འབྲེལ་ངང་གནའ་རྫས་བརྟག་དཔྱད་ཞིབ་འཇུག་བྱས་པ་ལས་བོད་བཙན་པོ་དུས་སྐབས་ཀྱི་རྡོ་བརྐོས་ཡིན་པ་གཏན་འཁེལ་བྱས་པ་མ་ཟད།  2013ལོའི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཆེ་མོ་བཅུར་བདམས།  རྡོ་བརྐོས་དེ་དག་གི་ངོས་སུ་རྒྱལ་བ་རིགས་ལྔ་དང་། བྱང་ཆུབ་སེམས་དཔའ། སྒྲོལ་མ་སོགས་ཀྱི་སྐུ་བརྙན་བཞེངས་ཡོད་པས། བོད་བཙན་པོ་དུས་སྐབས་སུ་དར་ཆེ་བའི་བརྗོད་གཞི་དག་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1